འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་རྫོང་གི“སྐོར་སྐྱོད་སྨན་ཁང”གིས་གཞི་རིམ་མང་ཚོགས་ཀྱི་ནད་ལྟ་དཀའ་
    བའི་གནད་དོན་གཞི་ལྷོད་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་27ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། དཀར་མཛེས་རྫོང་ཟླ་ཐང་པ་ཆུས་ཟླ་སྟོད་ཤང་ལེའང་མ་མདོ་གྲོང་ཚོའི་བྱེད་སྒོ་ལྟེ་གནས་སུ་རྫོང་དེའི་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་སྒྲིག་འཛུགས་བྱས་པའི“སྐོར་སྐྱོད་སྨན་ཁང”གིས་གཞིས་ཆགས་འབྲོག་པར་འོས་འགན་སྨན་བཅོས་བྱས་ཤིང་། ཤེས་རྟོགས་བྱས་པར་གཞིགས་ན། དཀར་མཛེས་རྫོང་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ཁོག་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག བུད་མེད་ཚན་ཁག བྱིས་པའི་ཚན་ཁག་སོགས་ཀྱི་རིགས་གཅིག་མཁས་ཅན་དང་ནུས་པའི་ཚན་ཁག་ལས་སྒོའི་རྐང་འཛིན་པ་ཚོས་སྨན་བཅོས་སྒྲིག་ཆས་དང་རྒྱུན་མཁོའི་སྨན་ཁག་གཅིག་འཁྱེར་ཏེ་ས་གནས་དེ་གའི་འབྲོག་པའི་གཟུགས་པོར་བརྟག་དཔྱད་བྱས་ཏེ་སྐོར་སྐྱོད་སྨན་བཅོས་ཞབས་ཞུ་འབྲོག་པའི་གཞིས་ཆགས་ཁུལ་དུ་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།