འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་ཀ་སྤྱིའི་ཆ་ནས་བསྒྲུབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་27ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། 2016ལོའི་བོད་ལྗོངས་ཀྱི་གནའ་དཔེ་ཡོངས་བཤེར་ཐོ་འགོད་སྲུང་སྐྱོབ་དང་ཉམས་གསོའི་ལས་ཀ་གནས་སྐབས་མཇུག་རྫོགས་པ་རེད། རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་རམ་ས་ཁུལ་བདུན་གྱི་ནང་ནས་ཆབ་མདོ་གྲོང་ཁྱེར་མ་གཏོགས་གཞན་ཚང་མར་གནའ་དཔེ་ཡོངས་བཤེར་ཐོ་འགོད་ཀྱི་ལས་ཀ་སྤྱིའི་ཆ་ནས་བསྒྲུབས་པ་རེད། ད་ལྟའི་བར་དུ། བོད་ལྗོངས་སུ་ཁྱོན་བསྡོམས་གནའ་དཔེ་2300ལྷག་ཙམ་ཡོངས་བཤེར་ཐོ་འགོད་བྱས་པ་དང་། པར་བརྒྱབ་ནས་པར་རིས་7000ལྷག་བཟོས་ཡོད་ལ། དེའི་ནང་བོད་ཡིག་རྩ་ཆེན་གྱི་གནའ་དཔེ་དཔེ་རིས་59(གནའ་དཔེ་133ཡོད་པ་)ནི་《རྒྱལ་ཁབ་ཀྱི་གནའ་དཔེ་རྩ་ཆེན་གྱི་མིང་ཐོ་》ཡི་ནང་ཚུད་དེ་ཡོངས་བསྒྲགས་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་གནའ་དཔེ་ཡོངས་བཤེར་ཐོ་འགོད་དང་གཞི་གྲངས་ལེགས་སྒྲིག་གི་ལས་ཀ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་རེད།
            བོད་ལྗོངས་དཔེ་མཛོད་ཁང་གི་དབུ་འཛིན་སྤེན་པ་ཚེ་རིང་གིས་མཚམས་སྦྱོར་གནང་བར་གཞིགས་ན། བོད་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ད་ལོར་ས་སྐྱ་དགོན་དང་། འབྲས་སྤུངས་དགོན། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ག བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། རང་སྐྱོང་ལྗོངས་ཡིག་ཚགས་ཁང་བཅས་ཀྱི་གཙོ་གནད་གནའ་དཔེ་ཉར་ཚགས་ལས་ཁུངས་དྲུག་གི་གནའ་དཔེ་ཡོངས་བཤེར་ཐོ་འགོད་ཀྱི་ལས་ཀ་སྒྲུབ་ཤུགས་མགྱོགས་སུ་བཏང་བ་དང་དུས་མཚུངས་སུ། ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག འབྲས་སྤུངས་དགོན་གསུམ་གྱི"གནའ་དཔེའི་དཀར་ཆག"གློག་རྡུལ་དུ་བསྡུ་ལེན་དང་། ཕབ་འཇུག ལེགས་སྒྲིག གྲངས་ཀ་ཅན་གྱི་ལས་ཀ་བཅས་བསྒྲུབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།