འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།《ཚངས་དབྱངས་རྒྱ་མཚོ་》ཞེས་པར་སྐབས་བཅུ་པའི་ཀྲུང་གོའི་ཞབས་བྲོའི"པད་མའི་
    བྱ་དགའི"བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་27ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་བོད་ལྗོངས་དྲ་རྒྱའི་པད་རྡོར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྐབས་བཅུ་པའི་ཀྲུང་གོའི་ཞབས་བྲོ“པད་མའི་བྱ་དགའི”ཟློས་གར་དང་ཞབས་བྲོ་སྙན་ངག་གི་དཔྱད་འདེམས་བྱ་དགའི་བྱེད་སྒོ་དེ་ཧྲང་ཧའེ་རུ་གཉེར་བ་རེད། ཛ་དྲག་གི་འགྲན་བསྡུར་བརྒྱུད། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་འཁྲབ་ཚན་《ཚངས་དབྱངས་རྒྱ་མཚོ་》སོགས་འཁྲབ་ཚན་ལྔ་ལ་སྐབས་བཅུ་པའི་ཀྲུང་གོའི་ཞབས་བྲོའི“པད་མའི་བྱ་དགའི”ཟློས་གར་བྱ་དགའ་ཐོབ་པ་རེད།
            ཀྲུང་གོའི་ཟློས་གར་གྱི“པད་མའི་བྱ་དགའ”ཞེས་པ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའི་མཛུབ་སྟོན་འོག ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་ཞབས་བྲོ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་སུ་ཁྱབ་པའི་ཆེད་ལས་ཞབས་བྲོ་དཔྱད་འདེམས་བྱ་དགའི་བྱེད་སྒོ་ཞིག་རེད། ད་རེས་ཟློས་གར་དང་ཞབས་བྲོ་སྙན་ངག་གི་དཔྱད་འདེམས་བྱེད་སྒོའི་ནང་། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་《ཚངས་དབྱངས་རྒྱ་མཚོ་》ཞེས་པར་ཀུན་གྱི་ཡིད་དབང་འཕྲོགས་ནས་འདི་ལོའི་ཟློས་གར་འཁྲབ་ཚན་ལེགས་ཤོས་གྲས་སུ་ཁས་ལེན་བྱས་ཤིང་། འཁྲབ་ཚན་ཧྲིལ་པོར་སྙན་ངག་གི་ཉམས་དང་ནང་བསྟན་གྱི་དོན་གྱིས་ཕྱུག་པ་དང་། མི་སྣ་གཙོ་བོའི་གཟུགས་བརྙན་ལེགས་གྲུབ་ལྡན་པའི་ངང་གསར་བཞེངས་བྱས་པ་ཕུད། ད་དུང་ཕུན་སུམ་ཚོགས་ཤིང་ཞིབ་ཚགས་པའི་གར་སྟེགས་ཀྱི་གཞི་རྒྱུའི་ཐོག་ནས་ལྟད་མོ་བར་དུས་རབས་བཅུ་བདུན་པའི་སྐབས་ཀྱི་བོད་རིགས་མི་དམངས་ཀྱི་འཚོ་བའི་རྣམ་པ་ཞིག་བསྟན་པ་མ་ཟད། གྱོན་ཆས། རོལ་དབྱངས། རྒྱབ་ལྗོངས་སོགས་ཀྱི་གཞི་རྒྱུ་ལེགས་པར་སྤྱད་པའི་ཁར་ནང་མ་དང་། རལ་པ་སོགས་བོད་རིགས་ཀྱི་ཞབས་བྲོའང་བཅུག་ནས་བོད་རིགས་ཀྱི་གདོད་མའི་སྣོད་བཅུད་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལེགས་པར་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།