འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཏུན་ཧོང་གི་རིག་གནས་ལོ་འཁོར་འགྲེམས་སྟོན་ཆེན་མོ་ཁྲེང་ཏུའུ་རུ་གཤོམ་གྲབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཏུན་ཧོང་གི་རིག་གནས་ལོ་འཁོར་འགྲེམས་སྟོན་ཆེན་མོ་ཁྲེང་ཏུའུ་རུ་གཤོམ་གྲབས་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན། “དར་གོས་འགྲུལ་ལམ་གྱི་བླ་སྲོག་སྟེ་ཏུན་ཧོང་གི་སྒྱུ་རྩལ་འགྲེམས་སྟོན་ཆེན་མོ་དང་ས་རྒྱུ་གཤིན་ཞིང་ཐོན་རྫས་ཀྱིས་ཕྱུག་པའི་ཡུལ་ཁམས་དང་དར་གོས་འགྲུལ་ལམ་གྱི་རིག་དངོས་དམིགས་བསལ་འགྲེམས་སྟོན་”ཁྲེང་ཏུའུ་རྟེན་རྫས་བཤམས་མཛོད་ཁང་དུ་གཤོམ་གྲབས་ཡོད་ཅིང་། སྐབས་དེར་ཁྲེང་ཏུའུ་གྲོང་ཁྱེར་གྱིས་ད་བར་རྒྱལ་ནང་དུ་གཞི་རྒྱ་ཆེས་ཆེ་བའི་དར་གོས་འགྲུལ་ལམ་བརྗོད་གཞི་གཙོ་བོ་བྱེད་པའི་ཏུན་ཧོང་གི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཆེན་མོ་བསུ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲེམས་སྟོན་ཆེན་མོར་ཏུན་ཧོང་གི་ཝེ་དང་ཅིན་རྒྱལ་རབས་དང་རྒྱལ་རབས་ལྷོ་མ་དང་བྱང་མ་ནས་ཡོན་རྒྱལ་རབས་བར་གྱི་མཚོན་བྱེད་རང་བཞིན་ཆེས་ཆེ་ལྡན་པའི་བརྩམས་ཆོས་སྟེ། སྔར་གྱི་བསྡུར་ཚད་ལྟར་བསྐྱར་གསོ་བྱས་པའི་བྲག་ཕུག་8དང་།  གཏེར་ནས་གདན་དྲངས་པའི་ཚད་ལྡན་ཡིག་ཆའི་ཕྱག་བསྟར་མ་10ཡོད་པ་མ་ཟད། ད་དུང་ཏུན་ཧོང་གི་ལྡེབས་བྲིས་འདྲ་བཤུས་70ལྷག་དང་། ཚོན་མདངས་འཇིམ་སྐུ་འདྲ་བཟོས་12།  གཏེར་ནས་གདན་དྲངས་པའི་དར་རིས་མ་འདྲ་བཟོས་25། ལུགས་རྒྱག་སོ་ཕག་ཚོན་ཁྲ་ཅན་10བཅས་ཀྱང་ཡོད་པ་དང་། དེ་དང་དུས་མཚུངས་སུ་ད་དུང་ཧན་རྒྱལ་རབས་ཀྱི་ཤིང་དེབ་དང་། ཚོན་བྲིས་ཞལ་ཐང་སོགས་རིག་དངོས་རྩེ་གྲ་68དང་། ཏུན་ཧོང་ས་ཁུལ་གྱི་འོད་སྟོང་འབར་བའི་ལོ་རྒྱུས་འགྲེམས་སྟོན་བྱ་རྒྱུ་རེད། གཞན་འགྲེམས་སྟོན་དུ་ད་དུང་ནུབ་རྒྱུད་ཀྱི་ཁྱད་ཆོས་དང་དབུས་རྒྱུད་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ལྡེབས་རིས་འདྲ་བཟོས་24དང་ཚོན་མདངས་འཇིམ་སྐུ་འདྲ་བཟོས་16བཅས་ཀྱང་མང་ཚོགས་ཀྱི་མིག་ལམ་དུ་འབུལ་རྒྱུ་རེད། བྲག་ཕུག་དང་། འཇུམ་སྐུ། ལྡེབས་རིས་བཅས་ཀྱི་འདྲ་བཟོས་འདི་དག་ཚང་མ་བཟོ་རྩལ་དགེ་རྒན་ཆེན་མོ་ཚོས་ཚེ་གང་འབད་བརྩོན་བྱས་པའི་བརྩམས་ཆོས་ཡིན་ཞིང་། དེ་དག་གི་ཁྲོད་དུ་ཏུན་ཧོང་དང་ཡུས་ལིན་སོགས་ཀྱི་བྲག་ཕུག་གི་ཡུལ་དངོས་སུའང་ལྟ་སྐོར་བྱེད་མི་ཐུབ་པའི་རིག་དངོས་རྩ་ཆེན་གྱི་འདྲ་བཟོས་ཁ་ཤས་ཀྱང་འདུས་ཡོད་པ་རེད།
         དེ་མིན་ས་རྒྱུ་གཤིན་ཞིང་ཐོན་རྫས་ཀྱིས་ཕྱུག་པའི་ཡུལ་ཁམས་དང་དར་གོས་འགྲུལ་ལམ་གྱི་དམིགས་བསལ་འགྲེམས་སྟོན་ཁུལ་ཏུ་ཞིང་ཆེན་དང་གྲོང་ཁྱེར་28ཀྱི་རྟེན་རྫས་བཤམས་མཛོད་ཁང་60ལས་བརྒལ་བར་གཡར་ནས་འགྲེམས་སྟོན་བྱ་རྒྱུའི་རིག་དངོས་200ལྷག་འདུས་ཡོད་པ་དང་། དེ་དག་གི་ནང་དུ་རིམ་པ་དང་པོའི་རིག་དངོས་བརྒྱ་ལྷག་ཡོད་པ་དང་། ད་དུང་ཕྱི་རྒྱལ་དུ་དྲངས་མི་ཆོག་པའི་རིག་དངོས་རྩ་ཆེན་ནང་གི་རྩ་ཆེན་ཁ་ཤས་ཀྱང་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】  【13】
     
    【14】  【15】  【16】
    ༄༅།།ཏུན་ཧོང་གི་རིག་གནས་ལོ་འཁོར་འགྲེམས་སྟོན་ཆེན་མོ་ཁྲེང་ཏུའུ་རུ་གཤོམ་གྲབས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།