འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཐང་གའི་རིགས་དབྱེ་རྒྱུའི་ས་གནས་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཐང་གའི་སྒྱུ་རྩལ་སྟོན་ཚོགས་སྐབས་དྲུག་པ་བཤད་སྒྲའི་སྒོ་ར་ཆེན་པོར་བཤམས་པ་དང་། 《བོད་ལྗོངས་ཀྱི་ཐང་གའི་རིགས་དབྱེ་རྒྱུའི་ས་གནས་ཀྱི་ཚད་གཞི་》དུས་མཚུངས་སུ་ཁྱབ་བསྒྲགས་བྱས་པ་རེད།
        མི་རིགས་ཀྱི་ཁྱད་ཆོས་ཐུན་མིན་ལྡན་པའི་རིག་གནས་ཐོན་རྫས་ཤིག་ཡིན་པའི་ཐང་ག་ཚོང་ར་ཉེ་བའི་ལོ་ཤས་རིང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། ཆ་མི་ཚང་བའི་བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདིའི་ལོའི་ལོ་མཇུག་བར་དུ་བོད་ལྗོངས་ཡོངས་སུ་ཐང་གའི་སྒྱུ་རྩལ་གྱི་ལས་ཀ་བྱེད་མཁན་3000ལྷག་ཡོད་པ་དང་། ལོ་རེར་ཐང་ག་བྲིན་འཚོང་བྱས་ཚད་སྒོར་དུང་ཕྱུར་1ཟིན་ཞིང་། ཐང་གའི་ཁེ་ལས་ལས་གཉེར་བྱེད་མཁན་ཚན་པ་30ལྷག་ཡོད་པ་དང་། ཐང་གའི་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བྲིན་འཚོང་བྱེད་ཀྱི་ཡོད་པ་མ་ཟད་། ད་དུང་ཐག་རིང་གི་ཡོ་རོབ་དང་ཨ་མེ་རི་ཁ་གླིང་དང་། ཨེ་ཤེ་ཡའི་ཤར་ལྷོ་ཁུལ་ཏུའང་བྲིན་འཚོང་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།