འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཐོན་དང་པོའི་ཏུན་7རིམ་པའི་དམངས་སྤྱོད་ཐད་འཕུར་གནམ་གྲུ་ཐོག་མར་
    འཕུར་སྐྱོད་བྱས་པ་དེས་ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཀྱི་མིང་
    བྱང་གསར་པ་གཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་22ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རང་རྒྱལ་གྱི་ཐོན་དང་པོའི་ཏུན་7རིམ་པའི་དམངས་སྤྱོད་ཐད་འཕུར་གནམ་གྲུ་ཐོག་མར་
འཕུར་སྐྱོད་བྱས་པ་དེས་ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཀྱི་མིང་
བྱང་གསར་པ་གཏོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན། གནམ་གྲུའི་གཤོག་པ་འཁོར་སྐྱོད་བྱས་པ་ལས་བྱུང་བའི་རླུང་རྒྱུན་ཧ་ཅང་ཆེན་པོ་དང་བསྟུན་ནས་རིགས་གཅིག་མཁས་ཅན་དང་ལག་རྩལ་མི་སྣས་ཐུན་མོང་ཐོག་ར་སྤྲོད་བྱས་པའི་འོག་རང་རྒྱལ་གྱི་ཐོན་དང་པོའི་ཏུན་7རིམ་པའི་དམངས་སྤྱོད་ཐད་འཕུར་གནམ་གྲུ་AC352རླུང་འཁོར་སྟེང་ཕྱོགས་ནས་དམའ་སར་དཔྱང་སྡོད་བྱེད་པ་དང་། འཁོར་ལམ་བརྒྱུད་མཁའ་སྐྱོད་བྱེད་པ། མྱུར་ཚད་མགྱོགས་པོས་ཁ་ཕྱོགས་བསྒྱུར་བ་སོགས་བྱས་ཡོད། ཚེས་20ཉིན་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚད་ཡོད་ཀུང་སི་(ཀྲུང་གོའི་མཁའ་འགྲུལ་བཟོ་ལས་)ཡིས་ཞིབ་བཟོ་བྱས་པའི་སྔོན་ཐོན་འབྲིང་རིམ་གྱི་སྤྱོད་མང་ཐད་འཕུར་གནམ་གྲུ་གསར་ཤོས་AC352བདེ་བླག་ངང་འཕུར་སྐྱོད་ཐོག་མ་བྱས་པ་དང་ངོ་མཚར་ཆེ་བའི་འཕུར་སྐྱོད་ཀྱི་སྟངས་སྟབས་རབ་དང་རིམ་པ་ལས་རང་རྒྱལ་གྱི་རྒྱལ་ནང་ནས་བཟོས་པའི་དམངས་སྤྱོད་ཐད་འཕུར་གནམ་གྲུའི་ཕུལ་བྱུང་གི་ནུས་པ་མངོན་ཡོད་པ་རེད།
         ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཐད་འཕུར་གནམ་གྲུའི་སྤྱི་ཁྱབ་ཇུས་འགོད་པ་ཝུའུ་ཤིས་མིང་གིས“དེང་སྐབས་འཛམ་གླིང་དུ་ཆེས་སྔོན་ཐོན་ལག་རྩལ་གྱི་མཚོན་བྱེད་དུ་གྱུར་པའི་ཐད་འཕུར་གནམ་གྲུ་འབྲིང་རིམ་གྱི་གྲས་ཤིག་ཡིན་པའི་ངོས་ནས་གནམ་གྲུ་དེ་གསར་གཏོད་བྱས་པ་ལས་ཀྲུང་གོའི་དམངས་སྤྱོད་ཐད་འཕུར་གནམ་གྲུའི་ཏུན་7རིམ་པའི་མ་ལག་གི་སྟོང་ཆ་གསབ་ཡོད། AC352ནི་རྒྱལ་ནང་ནས་བཟོས་པའི་ཐད་འཕུར་གནམ་གྲུའི་ནང་གི་སྐར་མ་གསར་པ་ཞིག་ཡིན་ལ་མི་རིགས་ཀྱི་ཐད་འཕུར་གནམ་གྲུའི་བཟོ་ལས་ལོ་60ཡི་འཕེལ་རྒྱས་བྱུང་རིང་གི་ཚབ་མཚོན་བརྩམས་ཆོས་ཤིག་ཡིན་པས་རང་རྒྱལ་གྱི་ཐད་འཕུར་གནམ་གྲུའི་བཟོ་ལས་དང་གནམ་གྲུ་ཤར་གཏོང་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད་ཅེས་བཤད།
         AC352ཐད་འཕུར་གནམ་གྲུར་སྒུལ་བྱེད་འཕྲུལ་འཁོར་གཉིས་ལྡན་པ་དང་གནམ་གྲུའི་མ་སྒྲོམ་རྒྱ་ཆེ་བ་ཇུས་འགོད་བྱས་པ་དང་གནམ་གྲུ་འཕུར་སྐྱོད་བྱེད་སྐབས་ཀྱི་ལྗིད་ཚད་མཐོ་ཤོས་ཏུན་7.5ཟིན་པས་འགྲུལ་པ་14ནས་16བར་གཤོང་ཐུབ་ཀྱི་ཡོད། ཐོན་དེའི་ཐད་འཕུར་གནམ་གྲུའི་སྤྱི་ཁྱབ་ཇུས་འགོད་པ་ལུའུ་ཝུའེ་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གནམ་གྲུ་དེ་རྒྱལ་སྤྱིའི་ཐོག་འཕུར་སྐྱོད་བྱེད་པའི་ཚད་གཞི་གསར་ཤོས་དང་འཚམ་པ་མ་ཟད་གནད་སྨིན་འཐུས་ཚང་གི་སྔོན་ཐོན་ལག་རྩལ་ཧ་ཅང་མང་པོ་སྤྱད་པས་ནུས་པའི་ལེགས་ཆ་འབུར་དུ་ཐོན་པ་དང་རིགས་གཅིག་མཚུངས་ཀྱི་ཐད་འཕུར་གནམ་གྲུའི་ཁྲོད་མྱུར་ཚད་མགྱོགས་ཤོས་ཀྱི་ཟིན་ཐོ་གཏོད་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། AC352ཐད་འཕུར་གནམ་གྲུ་ཞིབ་བཟོ་བྱས་པ་དེས་གོ་ལ་ཧྲིལ་པོའི་ཐོན་ཁུངས་ནུས་ལྡན་ངང་སྤྱོད་ཐུབ་པ་བྱུང་ཡོད། བར་སྣང་འགྲུལ་སྐྱེལ་གྱི་ཐད་འཕུར་གནམ་གྲུའི་ཀུང་སི་དང་ལེགས་ཆ་གསབ་རེས་ཀྱི་མཉམ་ལས་བྱས་པ་བརྒྱུད་ཞིབ་བཟོའི་དོ་དམ་བྱ་ཐབས་གསར་ཤོས་སྤྱད་པ་དང་དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་པས་སྤྱི་ལེ་ཁྲི་གཅིག་ཚད་བརྒལ་ཐུབ་པའི་རྒྱལ་ཁབ་གཉིས་དང་ས་གནས་བཞི་མཉམ་དུ་ཞིབ་བཟོ་ལེགས་སྒྲུབ་བྱུང་ནས་ཀྲུང་གོའི་དམངས་སྤྱོད་ཐད་འཕུར་གནམ་གྲུའི་མཆོང་སྐྱོད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཀྱིས“རྒོལ་གཏོར་20”དང“སྐྱེལ་འདྲེན་20”སོགས་གྲགས་ཅན་གནམ་གྲུ་ཞིབ་བཟོ་བདེ་བླག་བྱུང་བ་དང་ཆབས་ཅིག་རྒྱལ་ནང་ནས་བཟོས་པའི་ཐད་འཕུར་གནམ་གྲུ་དེ་ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཀྱི་མིང་བྱང་གསར་པ་ཞིག་ཏུ་འགྱུར་གང་ཐུབ་བྱས་ཤིང་། ཝུའུ་ཤིས་མིང་གིས་AC352ཐད་འཕུར་གནམ་གྲུ་ནི་ཀྲུང་གོའི་མཁའ་འགྲུལ་ཐད་འཕུར་གནམ་གྲུའི་བཟོ་ལས་ཀྱིས་ལོ་60རིང་ཉམས་མྱོང་གསོག་འཇོག་བྱས་པའི་འབྲས་བུ་རེད་ལ་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་ཤིག་ཀྱང་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།