འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་རང་བརྟེན་ངང་བཟོས་པའི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་འཁྱགས་གཏོར་གྲུ་
    གཟིངས་ཐོག་མ་དེ་དངོས་སུ་བཟོ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་22ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན། འབྲི་ཆུའི་ལྷོ་རྒྱུད་གྲུ་གཟིངས་བཟོ་གྲྭའི་གཅོད་འབྲེག་འཁོར་ཁང་དུ་ངར་ལྕགས་རྒྱུ་ཆ་འབྲེག་གཅོད་ཀྱི་ལས་བྲེལ་རྣམ་པ་ལས་རང་རྒྱལ་གྱིས་རང་བརྟེན་ངང་བཟོས་པའི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་འཁྱགས་གཏོར་གྲུ་གཟིངས་ཐོག་མ་དེ་བཟོ་བསྐྲུན་བྱེད་འགོ་ཚུགས། གྲུ་གཟིངས་བཟོ་བསྐྲུན་གྱི་འཆར་གཞི་གཞིར་བཟུང་། གྲུ་གཟིངས་གསར་པ་དེ་སྔོན་དཔག་བྱས་ན་2019ལོར་བཟོས་ཚར་རྒྱུ་དང“གངས་འབྲུག”རྟགས་ཅན་གྱི་གླིང་སྣེའི་རྟོག་ཞིབ་གྲུ་གཟིངས་ལས་གླིང་སྣེའི་རྟོག་ཞིབ་འཁྱགས་གཏོར་གྲུ་གཟིངས་རུ་ཁག་གྲུབ་ནས་རང་རྒྱལ་གྱི་གླིང་སྣེའི་རྒྱ་མཚོའི་རྟོག་ཞིབ་ནུས་པ་དང་གླིང་སྣེའི་རྟོག་ཞིབ་སྐྱེལ་འདྲེན་འགན་ལེན་ནུས་པའང་ཆེས་ཆེར་འགྲོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།