འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅༎སིང་ཀ་ཕོར་དུ་2016ལོའི་ལོ་འཁོར་གྱི་མཚོན་བྱེད་རྒྱ་ཡིག་ཡིག་འབྲུ་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་22ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན་སིང་ཀ་ཕོར་《མཉམ་འབྲེལ་ཞོགས་པའི་ཚགས་པར་》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚགས་པར་འདིས་སྤེལ་བའི“ཡིག་འབྲུ་གཅིག་གི་ཐོག་ནས་ལོ་གཅིག་གི་གནས་ཚུལ་མཚོན་པ”ཡི་བྱེད་སྒོ་སྤེལ་ཞིང་། འདེམས་ཤོག་འཕངས་པ་བརྒྱུད“变”(འགྱུར)ཞེས་པ་2016ལོའི་ལོ་འཁོར་གྱི་མཚོན་བྱེད་རྒྱ་ཡིག་ཡིག་འབྲུར་བདམས་ཐོན་བྱུང་བ་རེད།
        《མཉམ་འབྲེལ་ཞོགས་པའི་ཚགས་པར་》གྱིས་2011ལོ་ནས“ཡིག་འབྲུ་གཅིག་གི་ཐོག་ནས་ལོ་གཅིག་གི་གནས་ཚུལ་མཚོན་པ”ཡི་ལོ་འཁོར་གྱི་རྒྱ་ཡིག་ཡིག་འབྲུ་འདེམས་ཤོག་འཕངས་ནས་འདེམས་པའི་བྱེད་སྒོ་སྤེལ་འགོ་བཙུགས་པ་དང་ལོ་ལྟར་ཀློག་པ་པོ་རང་ཉིད་ཀྱི་སེམས་ནང་གི་ལོ་གཅིག་གི་གནས་ཚུལ་མཚོན་ཤོས་ཀྱི་རྒྱ་ཡིག་ཡིག་འབྲུ་འདེམས་པར་གདན་ཞུ་བྱེད་ཀྱི་ཡོད་པ་རེད། འདི་ལོ་《མཉམ་འབྲེལ་ཞོགས་པའི་ཚགས་པར་》གྱི་རྩོམ་སྒྲིག་པུའུ་དང་དེ་བཞིན་སློབ་གསོའི་ལས་རིགས་དང་། ཚོང་དོན་ལས་རིགས། རིག་གནས་ལས་རིགས། ལུས་རྩལ་ལས་རིགས་བཅས་ནས་ཡོང་བའི་གྲགས་ཅན་མི་སྣ་10ལས་རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད་ཨུ་ལྷན་ཚོགས་པ་གྲུབ་ཡོད་པ་རེད། ཀློག་པ་པོས་གཟའ་འཁོར་གཉིས་རིང་འདེམས་ཤོག་འཕངས་པ་བརྒྱུད་རྒྱ་ཡིག་ཡིག་འབྲུ“变”ཞེས་པར་འདེམས་ཤོག་མང་ཤོས་ཐོབ་ཅིང་། རྒྱ་ཡིག་ཡིག་འབྲུ“变”ཞེས་པར་སྤྱིར་ན་འདེམས་ཤོག་བཞི་རེའི་ནང་ནས་འདེམས་ཤོག་གཅིག་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།