འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་པར་ཙིར་གྱི་ལྷོ་སྣེའི་ས་ཚིགས་བསྐྲུན་རོགས་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་22ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཕྱི་རྒྱལ་གྱི་ལྷོ་སྣེའི་ཚན་རིག་བརྟག་ཞིབ་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ཐོག་མ་སྟེ། ཀྲུང་གོ་གློག་རྡུལ་ཕྱིར་གཏོང་ནང་འདྲེན་སྤྱི་ཁྱབ་ཀུང་སི(ཀྲུང་གོ་གློག་རྡུལ)ཡིས་སྐྲུན་འགན་ཁུར་བའི་པར་ཙིར་གྱི་ལྷོ་སྣེའི་ཚན་རིག་བརྟག་ཞིབ་ས་ཚིགས་ཀྱི་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱིས་མངགས་གཏོང་བྱས་པའི་ལས་གྲྭ་དང་ལག་རྩལ་མི་སྣ་ཚེས་15ཉིན་ལྷོ་སྣེར་འབྱོར་བ་རེད།
         ལྷོ་སྣེའི་གླིང་ནན་ཧྲེ་ཏེ་ལན་གླིང་ཚོམ་གྱི་ཆའོ་ཀྲེ་ཝང་གླིང་ཕྲན་དུ་གནས་པའི་པར་ཙིར་གྱི་ལྷོ་སྣེའི་ས་ཚིགས་ཀྱི་མིང་ཆ་ཚང་ལ་ཧྥེ་ལ་ཙེ་སི་ལིང་ལྷོ་སྣེའི་ཚན་རིག་བརྟག་ཞིབ་ས་ཚིགས་ཞེས་ཟེར། དེ་1984ལོར་བསྐྲུན་པ་དང་2012ལོར་མེ་སྐྱོན་ཆེན་པོའི་ཁྲོད་གཏོར་སྐྱོན་ཕོག་ཡོད། ལྷོ་སྣེའི་ས་ཚིགས་བསྐྱར་སྐྲུན་བྱ་ཆེད་པར་ཙིར་གྱི་མཚོ་དམག་གིས་2015ལོར་རྒྱལ་སྤྱིའི་ཐོག་སུས་འཇོན་དེ་འགུག་བྱས་པས། ཀྲུང་གོའི་གློག་རྡུལ་ཀུང་སི་འོས་ཐོན་བྱུང་བ་དང་རྣམ་གྲངས་ལ་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་1ཙམ་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།