འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་ཕྱི་ཁོངས་ཀྲུང་གོ་བས་ཞི་བའི་སྒྲ་དབྱངས་སྒྱུ་རྩལ་ཚོགས་པ་བཙུགས་ནས་ཀྲུང་
    ཧྭ་རིག་གནས་ཁྱབ་སྤེལ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་22ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དབྱིན་ཇིའི་ཕྱི་ཁོངས་ཀྲུང་གོ་བས་ཞི་བའི་སྒྲ་དབྱངས་སྒྱུ་རྩལ་ཚོགས་པ་བཙུགས་ནས་ཀྲུང་
ཧྭ་རིག་གནས་ཁྱབ་སྤེལ་གཏོང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན་དབྱིན་ཇིར་བྱེས་སྡོད་ཕྱི་ཁོངས་ཀྲུང་གོ་བས་བཙུགས་པའི་ཞི་བའི་སྒྲ་དབྱངས་སྒྱུ་རྩལ་ཚོགས་པས་ཚེས་18ཉིན་གྱི་ཕྱི་དྲོ་ལོན་ཏོན་དུ་ཚོགས་པ་བཙུགས་པའི་རྟེན་འབྲེལ་མཛད་སྒོ་གཉེར་ཞིང་། སྒྱུ་རྩལ་ཚོགས་པའི་ཀྲུའུ་ཞི་ཝང་ཕུང་གིས་ང་ཚོས་སྒྱུ་རྩལ་གཞི་རྟེན་དུ་བྱས་ཏེ་ཀྲུང་ཧྭའི་རིག་གནས་ཁྱབ་སྤེལ་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
        དེ་ཉིན་གྱི་རྟེན་འབྲེལ་མཛད་སྒོ་དེ་ཐའེ་ཝུའུ་ཧྲི་ཆུ་བོའི་སྤྲོ་གསེང་གྲུ་གཟིངས་ཤིག་གི་ཐོག་གཉེར་ཞིང་། ཝང་ཕུང་གིས་ཤིས་ཚིག་སྒྲོན་སྐབས་ཀྲུང་ཧྭ་རིག་གནས་ཁྱབ་སྤེལ་གཏོང་རྒྱུ་ནི་བྱེད་ཐེངས་གཅིག་ལ་སྒྲུབ་པའི་བྱ་བ་ཞིག་མིན་པས་གོམ་སྟབས་རེ་རེ་བཞིན་བརྟན་པོ་སྤོས་ནས་མངོན་འགྱུར་ཐུབ་པ་བྱེད་དགོས་ཀྱི་ཡོད། ཞི་བའི་སྒྲ་དབྱངས་སྒྱུ་རྩལ་ཚོགས་པའི་མིང་དེ་ཀྲུང་ཧྭ་རིག་གནས་ནང་གི“འཆམ་མཐུན”རིག་གནས་ལས་ཐོགས་པ་དང་། སྒྱུ་རྩལ་དེ་ཉིད་ཀྲུང་ཧྭ་རིག་གནས་ཀྱི་གཞི་རྟེན་ཞིག་ཏུ་བརྩིས་ནས་བྱས་རྗེས་དེང་འདིར་འཇོག་མི་ཐུབ་ཀྱང་ཕན་འབྲས་བསྐལ་བརྒྱར་ཐོབ་པའི་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
        དེ་རྗེས་སྒྱུ་རྩལ་ཚོགས་པའི་ཚོགས་མིས་ལྟད་མོ་བ་ཚོར་ཀྲུང་གོའི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
        ཝང་ཕུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཞི་བའི་སྒྲ་དབྱངས་སྒྱུ་རྩལ་ཚོགས་པར་མིག་སྔར་ཚོགས་མི་བརྒྱ་ཙམ་ཡོད་པ་དང་དབྱིན་ཇིར་ཡོད་པའི་ཕྱིར་སྡོད་རང་མི་དང་། ཕྱི་ཁོངས་ཀྲུང་གོ་བ། དེ་ཁུལ་གྱི་དམངས་ཚོགས་བཅས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད་པ་རེད། སྒྱུ་རྩལ་ཚོགས་པས་སྒྱུ་རྩལ་ལ་དགའ་ཞེན་ཆེ་བ་དང་ཞི་བདེར་གཅེས་འཛིན་བྱེད་མཁན་མི་སྣ་དེ་བས་མང་བ་དང་མཉམ་དུ་གར་སྟེགས་ཧ་ཅང་ཆེན་པོ་ཞིག་བསྐྲུན་ནས“ཞི་བའི་སྒྲ་དབྱངས”འཛམ་གླིང་ས་ཕྱོགས་གང་སར་ཁྱབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད། འདི་ནི་དབྱིན་ཇིའི་ལོན་ཏོན་དུ་ཞི་བའི་སྒྲ་དབྱངས་སྒྱུ་རྩལ་ཚོགས་པའི་ཁོངས་མིས་སྤྲོ་གསེང་གྲུ་གཟིངས་ནང་གནའ་བོའི་རྒྱུད་སྐུད་རོལ་ཆ་དཀྲོལ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།