འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐོན་ལས་གསོ་སྦྱོང་རྟེན་གཞིས་ཀྲུང་གོའི་ཁེ་ལས་འབྲིང་ཆུང་ཨ་ཧྥེ་
    རི་ཁར་བསྐྱོད་རྒྱུར་རམ་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་22ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐོན་ལས་གསོ་སྦྱོང་རྟེན་གཞིའི་རྣམ་གྲངས་ཁག་དང་པོ་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིའི་ཕྱིར་གཏོང་ལས་སྣོན་ཁུལ་དུ་དངོས་སུ་ལག་བསྟར་བྱས་པ་དང་རྣམ་གྲངས་དེ་བསྐྲུན་རྗེས་ཀྲུང་གོའི་ཁེ་ལས་འབྲིང་ཆུང་ཨ་ཧྥེ་རི་ཁའི་ཁྲོམ་རའི་ཐོག་བསྐྱོད་རྒྱུར་ལས་སྟེགས་དང་བགྲོད་ལམ་བསྐྲུན་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐོན་ལས་གསོ་སྦྱོང་རྟེན་གཞིའི་རྣམ་གྲངས་དེ་སའེ་ཕུའུ་ཀུང་དབྱིང་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚོགས་པ་དང་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཁེན་ནི་ཡའི་ཀུང་སིས་ཐུན་མོང་ཐོག་བསྐྲུན་པ་ཞིག་རེད། མ་དངུལ་སྒོར་དུང་ཕྱུར་2བཏང་ནས་སྨི་ངོས་གྲུ་ཁྲི་20ཙམ་ཟིན་པའི་བཟོ་ལས་གླིང་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་དང་རྣམ་གྲངས་དེ་དུས་ཐེངས་བཞིར་ཕྱེ་ནས་སྤེལ་ན་སྔོན་དཔག་བྱས་ན་ལོ་3ནང་ཚུན་དུ་ལེགས་གྲུབ་ཡོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།