འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་འདེམས་བསྐོ་བྱེད་མཁན་ཚོགས་པས་དངོས་སུ་འདེམས་ཤོག་འཕངས་ཏེ་ཐི་རོམ་ཕུ་
    ཙུང་ཐུང་ལ་བདམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 17:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་རིའི་འདེམས་བསྐོ་བྱེད་མཁན་ཚོགས་པས་དངོས་སུ་འདེམས་ཤོག་འཕངས་ཏེ་ཐི་རོམ་ཕུ་
ཙུང་ཐུང་ལ་བདམས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན། ཨ་མེ་རི་ཁའི་མངའ་སྡེ་དག་གི་འདེམས་བསྐོ་བྱེད་མཁན་ཚོགས་པས་དངོས་སུ་འདེམས་ཤོག་འཕེན་འགོ་བརྩམས་པ་དང་། ཐི་རོམ་ཕུ་ལ་མཇུག་མཐའི་འདེམས་ཤོག་304ཐོབ་ནས་ཙུང་ཐུང་འདེམས་བསྐོར་འདེམས་ཤོག་270ཐོབ་དགོས་པ་ལས་བརྒལ་ཡོད་པས། དངོས་སུ་ཨ་རིའི་ཙུང་ཐུང་ལ་བདམས་པ་རེད། དམངས་གཙོའི་ཏང་གི་ཙུང་ཐུང་འདེམས་བསྐོའི་འོས་མི་ཧེ་ལ་རི་ལ་འདེམས་ཤོག་227ཐོབ་པ་དང་། འདེམས་ཤོག་འཕེན་མཁན་གཞན་པ་7གྱིས་མི་གཞན་ཞིག་ལ་འདེམས་ཤོག་འཕངས་པ་རེད། འདེམས་བསྐོ་བྱེད་མཁན་ཚོགས་པའི་འདེམས་ཤོག་འཕངས་པའི་མཇུག་འབྲས་དེ་2017ལོའི་ཟླ་1ཚེས་6ཉིན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་གཉིས་ནས་ཡོངས་བསྒྲགས་བྱ་རྒྱུ་རེད།
          ཨ་རིའི་ཙུང་ཐུང་འདེམས་བསྐོ་ཆེ་མོ་ལ་འདེམས་བསྐོ་བྱེད་མཁན་ཚོགས་པའི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་ལ། འདི་ནི་བར་རྒྱུད་ཀྱི་འདེམས་བསྐོ་བྱེད་པའི་ལམ་ལུགས་ཤིག་ཡིན་པ་རེད། འདེམས་དམངས་ཀྱི་འདེམས་ཤོག་དེ་ཐད་ཀར་ཧེ་ལ་རིའམ་ཡང་ན་ཐི་རོམ་ཕུ་ལ་འཕངས་པ་མི་ཡིན་པར། དེ་ནི་ཁོང་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འདེམས་བསྐོ་བྱེད་མཁན་ལ་འདེམས་ཤོག་འཕངས་པ་དང་། དེ་ནས་འདེམས་བསྐོ་བྱེད་མཁན་གྱིས་རང་ཉིད་ཀྱི་ཙུང་ཐུང་འདེམས་བསྐོ་བྱ་རྒྱུ་དང་། མངའ་སྡེ་སོ་སོའི་འདེམས་བསྐོ་བྱེད་མཁན་གྱི་མི་གྲངས་ནི་མངའ་སྡེ་དེ་གའི་མནའ་འབྲེལ་གྲོས་ཚོགས་འོག་མའི་གྲོས་མི་དང་མནའ་འབྲེལ་གྲོས་ཚོགས་གོང་མའི་གྲོས་མིའི་མི་གྲངས་བསྡོམས་འབོར་ཡིན་ལ། ཁྱོན་བསྡོམས་འདེམས་བསྐོ་བྱེད་མཁན་གྱི་མི་གྲངས་ནི་538ཡོད་པ་རེད། མན་དབྱིན་མངའ་སྡེ་དང་ནེ་པུ་ལཱ་སི་ཅ་མངའ་སྡེ་གཉིས་མ་གཏོགས། མངའ་སྡེ་གཞག་དག་དང་ཝ་ཧྲིང་ཐོན་དམིགས་བསལ་ཁུལ་ཚང་མས"རྒྱལ་ཁ་ཐོབ་མཁན་ལ་ཚང་མ་ཐོབ་པ"ཡི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པ་རེད།
    ༄༅།།ཨ་རིའི་འདེམས་བསྐོ་བྱེད་མཁན་ཚོགས་པས་དངོས་སུ་འདེམས་ཤོག་འཕངས་ཏེ་ཐི་རོམ་ཕུ་
ཙུང་ཐུང་ལ་བདམས་པ།
      

    ཕྱོགས་བསྡུས་གསར་འགྱུར།