འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།"དགུན་དུས་བོད་ལྗོངས་སུ་བསྐྱོད་པ"ཞེས་པའི་རྒྱལ་ཡོངས་ཀྱི་དྲ་སྦྲེལ་སྨྱན་སྦྱོར་བྱེད་སྒོ་
    སྤེལ་དངོས་སུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 17:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།'དགུན་དུས་བོད་ལྗོངས་སུ་བསྐྱོད་པ'ཞེས་པའི་རྒྱལ་ཡོངས་ཀྱི་དྲ་སྦྲེལ་སྨྱན་སྦྱོར་བྱེད་སྒོ་
སྤེལ་དངོས་སུ་འགོ་ཚུགས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་སྦྲེལ་བརྡ་འཕྲིན་གཞུང་ལས་ཁང་གིས་གཙོ་གཉེར་དང་། ཀྲུང་དབྱང་དྲ་སྦྲེལ་བརྡ་འཕྲིན་གཞུང་ལས་ཁང་གིས་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་གནང་བའི་"དགུན་དུས་བོད་ལྗོངས་སུ་བསྐྱོད་པ་"ཞེས་པའི་རྒྱལ་ཡོངས་དྲ་སྦྲེལ་སྨྱན་སྦྱོར་གྱི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཐེངས་འདིའི་བྱེད་སྒོ་ནི་ཀྲུང་དབྱང་དྲ་སྦྲེལ་བརྡ་འཕྲིན་གཞུང་ལས་ཁང་གི་གསར་འགྱུར་བརྡ་འཕྲིན་བརྒྱུད་སྒྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐང་སུང་གིས་སྣེ་ཁྲིད་ཅིང་། མི་དམངས་དྲ་བ་དང་ཀྲུང་དབྱང་བརྙན་འཕྲིན་དྲ་བ་སོགས་ཀྱི་སྨྱན་སྦྱོར་ལས་ཁུངས་20ལྷག་ཙམ་ཞུགས་ཡོད་པ་རེད།
            ཐང་སུང་གིས། ཐེངས་འདིའི་བཅར་འདྲིའི་བྱེད་སྒོའི་ནང་། དྲ་སྦྲེལ་སྨྱན་སྦྱོར་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་གཏིང་ནས་མྱོང་ཚོར་ཐུབ་པར་བྱས་ཏེ་བོད་ལྗོངས་ཀྱི་མི་དོན་གཉིས་དང་། བློ་སྟོབས་བཅས་གསར་འགོད་ལེགས་པོར་བྱ་དགོས་ལུགས་བསྟན་པ་རེད།
            ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་བཅར་འདྲིར་ཚོགས་པ་གཉིས་ཡོད་ཅིང་། ཚོགས་པ་གཅིག་ནི་ཚེས་19ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་འབྱོར་བར་བྱས་རྗེས་ལྷོ་ཁ་གྲོང་ཁྱེར་གྱི་ཆུས་དང་རྫོང་སོགས་ལ་དུས་ཡུན་ཉིན་དྲུག་རིང་བཅར་འདྲི་དང་གསར་འགོད་བྱེད་རྒྱུ་ཡིན་པ་དང་། ཚོགས་པ་ཅིག་ཤོས་ཀྱིས་ལྷ་ས་གྲོང་ཁྱེར་དུ་བཅར་འདྲིའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
    ༄༅།།'དགུན་དུས་བོད་ལྗོངས་སུ་བསྐྱོད་པ'ཞེས་པའི་རྒྱལ་ཡོངས་ཀྱི་དྲ་སྦྲེལ་སྨྱན་སྦྱོར་བྱེད་སྒོ་
སྤེལ་དངོས་སུ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།