འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུར་ཁེར་བཅའ་སྡོད་ཀྱི་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་བསད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐུར་ཁེར་བཅའ་སྡོད་ཀྱི་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་བསད་པ།
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན། ཐུར་ཁེར་བཅའ་སྡོད་ཀྱི་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་ཨན་ཏེ་ལེ་•ཁཱར་ལུའོ་ཧྥུའུ་ཐུར་ཁེ་རྒྱལ་ཁབ་ཀྱི་རྒྱལ་ས་ཨན་ཁ་ར་རུ་འགྲེམས་སྟོན་ཞིག་གི་འགོ་ཚུགས་མཛད་སྒོར་ཞུགས་དུས་གཞན་གྱིས་མེ་མདའ་བརྒྱབ་ནས་བསད་པ་རེད། དོན་རྐྱེན་བཟོ་མཁན་མེ་ཧྥུའུ་ཐི་•མེར་ཐི་•ཨར་ཐེང་ཐ་ཧྲི་ནི་ཐུར་ཁེ་རྒྱལ་ཁབ་ཀྱི་ཉེན་རྟོག་པ་ཞིག་ཡིན་པ་དང་། དོན་རྐྱེན་བྱུང་ཡུལ་ནས་བསད་པ་རེད།
             མེ་མདའ་བརྒྱབ་རྗེས། ཨར་ཐེང་ཐ་ཧྲིས་ཐུར་ཁེའི་སྐད་ཀྱི་ཐོག་ནས"ཨ་ལེ་ཕོའོ་བརྗེད་དུ་མ་འཇུག སི་རི་ཡ་བརྗེད་དུ་མ་འཇུག"ཅེས་བརྗོད་པ་རེད།
            དེའི་རྗེས་སུ།  ཨར་ཐེང་ཐ་ཧྲི་དང་ཉེན་རྟོག་ཕྱོགས་གཉིས་དུས་ཡུན་སྐར་མ་15རིང་མེ་མདའ་རྒྱས་རེས་བྱས་ཤིང་། མཇུག་མཐར་ཨར་ཐེང་ཐ་ཧྲི་བསད་པ་རེད།
            ཨུ་རུ་སུའི་ཙུང་ཐུང་ཧྥུའུ་ལཱ་ཅི་སྨིར་•ཕུའུ་ཅིང་གིས་ཐུར་ཁེའི་ཙུང་ཐུང་ལེ་ཅའེ་ཧྥུའུ་•ཐ་དབྱི་ཧྥུའུ་•ཨེར་ཏོའུ་ཨན་ལ་དོན་རྐྱེན་འདིའི་ཐད་ནས་ཁ་པར་བཏང་བ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ཨན་ཁ་ར་གྲོང་ཁྱེར་དུ་བརྟག་དཔྱད་ཚོ་ཆུང་མངགས་ཏེ་དོན་རྐྱེན་འདི་ཉིད་བརྟག་དཔྱད་བྱ་རྒྱུ་ཡིན་ལུགས་ཕྱོགས་གཉིས་པོས་གྲོས་ཐག་བཅད་པ་རེད། ཕུའུ་ཅིང་གིས་བརྙན་ལམ་ཁ་པར་ནང"ང་ཚོས་ངེས་པར་དུ་དོན་རྐྱེན་འདི་བཟོ་མཁན་གྱི་བྱེད་གཏེ་ངོ་མ་དེ་སུ་ཡིན་ཤེས་དགོས"ཞེས་བརྗོད་པ་རེད།
    ཨན་ཏེ་ལེ་•ཁཱར་ལུའོ་ཧྥུའུ།
    ཨན་ཏེ་ལེ་•ཁཱར་ལུའོ་ཧྥུའུ།
    མེ་ཧྥུའུ་ཐི་•མེར་ཐི་•ཨར་ཐེང་ཐ་ཧྲི།
    མེ་ཧྥུའུ་ཐི་•མེར་ཐི་•ཨར་ཐེང་ཐ་ཧྲི།
      

    ཕྱོགས་བསྡུས་གསར་འགྱུར།