འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཏཱ་ལའི་བླ་མ་བསྐྱར་དུ་ཕྱོགས་མྱུལ་ངན་
    འབྲེལ་བྱེད་དུ་མི་འཇུག་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན་མོང་གོལ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར། མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་མོང་ཧེ་ཨོར་ཅི་ལེ་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་དུས་མོང་གོལ་རྒྱལ་ཁབ་ཀྱིས་ཆོས་སྲིད་སོ་སོ་སྐྱོང་བའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པར་གདན་འདྲེན་ཞུ་མྱོང་མེད་ལ། རྗེས་མའང་གདན་འདྲེན་ཞུ་མི་སྲིད། སྐབས་འདིའི་སྲིད་གཞུང་གིས་ཆོས་ལུགས་ཀྱི་ཐབས་ལམ་ཐོག་ནས་ཡིན་ནའང་ཏཱ་ལའི་བླ་མ་མོང་གོལ་རྒྱལ་ཁབ་ཏུ་ཡོང་མི་འཇུག་ཅེས་བརྗོད་པ་རེད།
        མོང་ཧེ་ཨོར་ཅི་ལི་ཡིས་འདིའི་སྔོན་དུ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ནི་མོང་གོལ་རྒྱལ་ཁབ་ཀྱི་དགའ་ལྡན་དགོན་པས་གདན་འདྲེན་ཞུས་པ་ལྟར་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་ཞུ་བར་ཡོང་བས། དེ་ཡིས་མོང་གོལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་གནོད་རྐྱེན་ཐེབས་ཡོད་པར་བརྟེན་མོང་གོལ་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་དེའི་ཐད་ལ་འགྱོད་པ་སྐྱེས་ཡོད། མོང་གོལ་ཕྱོགས་ཀྱིས་མོང་གོལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྔར་བཞིན་རྒྱུན་ལྡན་གྱི་སྲོལ་ལམ་དུ་ལོག་ཏུ་བཅུག་སྟེ་འབྲེལ་ཡོད་གླེང་མོལ་བསྐྱར་གསོ་བྱ་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་ལས་མེད་པའི་སྲིད་ཇུས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་པ་དང་། བོད་ལྗོངས་ནི་ཀྲུང་གོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་སྔ་ཕྱི་བར་གསུམ་དུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
         ཟླ་11ཚེས་18ཉིན་ནས་ཚེས་23ཉིན་བར། མོང་གོལ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱིས་བཀག་སྡོམ་བསླབ་བྱ་ཐེངས་མང་བྱས་ཀྱང་མ་ཉན་པར་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པར་མོང་གོལ་རྒྱལ་ཁབ་ཏུ་ཕྱོགས་མྱུལ་ངན་འབྲེལ་བྱེད་དུ་བཅུག་པ་རེད།
         ཟླ་11ཚེས་22ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་མོང་གོལ་རྒྱལ་ཁབ་ཏུ་ཕྱོགས་མྱུལ་ངན་འབྲེལ་བྱེད་པའི་སྐོར་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ཀྲུང་གོའི་ཕྱོགས་ཀྱིས་མོང་གོལ་ཕྱོགས་ཀྱིས་ཏཱ་ལའི་རུ་ཚོགས་ཀྱིས་ཀྲུང་གོར་ངོ་རྒོལ་དང་ཁ་བྲལ་གཏོང་བའི་ངོ་བོར་ངོས་འཛིན་གསལ་པོ་བྱས་ཏེ་བྱ་ཐབས་ནུས་ལྡན་ལག་བསྟར་བྱས་ནས་ཏཱ་ལའི་ཕྱོགས་མྱུལ་ངན་འབྲེལ་ལས་ཐོན་པའི་གནོད་རྐྱེན་དག་གཙང་སེལ་བྱ་དགོས་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།