འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཆང་སྟོན་བཤམས་ཏེ་ཨའོ་
    མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་17འཁོར་བར་རྟེན་འབྲེལ་ཟབ་རྒྱས་ཞུ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 16:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཆང་སྟོན་བཤམས་ཏེ་ཨའོ་
མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་17འཁོར་བར་རྟེན་འབྲེལ་ཟབ་རྒྱས་ཞུ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན་ཨའོ་མོན་དམིགས་བསལ་སྲིད་འཛི་ཁུལ་གྱི་སྲིད་གཞུང་གིས་ཡུལ་སྐོར་མཆོད་རྟེན་ཚོགས་འགྲེམས་ལྟེ་གནས་སུ་ཆང་སྟོན་བཤམས་ནས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་པ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དབུ་བརྙེས་ནས་ལོ་ངོ་བཅུ་བདུན་འཁོར་བར་རྟེན་འབྲེལ་གཟབ་རྒྱས་་ཞུས་པ་རེད།
        དར་དཔྱངས་ཚོན་མདོག་དམར་པོ་དང་སེར་པོས་ཉིན་དེའི་ཨའོ་མོན་ཡུལ་སྐོར་མཆོད་རྟེན་ཚོགས་འགྲེམས་ལྟེ་གནས་ལ་དགའ་སྟོན་རྟེན་འབྲེལ་གྱི་རྒྱན་ཆ་རབ་ཏུ་སྤྲས་ཡོད་ཅིང་། ཆང་སྟོན་ནི་དཔའ་ཉམས་རྒྱས་པའི་རྒྱལ་གླུ་གཏོང་བ་དང་ཆབས་ཅིག་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་ཚུའེ་ཧྲི་ཨན། ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཀྲི་རྨིན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཕྱི་འབྲེལ་པུའུ་ཡི་ཆེད་མངག་པའི་ལས་ཁུངས་ཀྱི་ཆེད་མངག་པ་ཡེ་ཏ་པོ། ཨའོ་མོན་དུ་བཅའ་སྡོད་བཅིངས་འགྲོལ་དམག་དཔུང་གི་དམག་སྤྱི་ཝང་ཝུན་སོགས་མི་སྟོང་ལ་ཉེ་བ་ཆང་སྟོན་ལ་ཞུགས་པ་རེད།
         ཚུའེ་ཧྲི་ཨན་གྱིས་སྨོན་ཚིག་ཞུ་སྐབས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་བཅུ་བདུན་གྱི་རིང་ལ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་། “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་འོག ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་གཞི་རྩའི་བཅའ་ཁྲིམས་ནན་སྲུང་གིས་སྲིད་སྐྱོང་བྱས་ཏེ་དངོས་དོན་གཉེར་བའི་སྒོ་ནས་“ལྟེ་བ་གཅིག་དང་ལས་སྟེགས་ཤིག་”འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་འབད་བརྩོན་ཆེན་པོ་བྱས་ཏེ་དཔལ་འབྱོར་སྣ་མང་འཕེལ་རྒྱས་འོས་འཚམས་གཏོང་བར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་འགའི་རིང་ཕྱི་ཕྱོགས་ཀྱི་ཁོར་ཡུག་རྙོག་འཛིང་ཆེ་བའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཨའོ་མོན་གྱི་དཔལ་འབྱོར་ནི་ལེགས་སྒྲིག་གཏིང་ཟབ་བྱེད་པའི་དུས་སྐབས་སུ་གནས་ཡོད། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་དུ་འབད་བརྩོན་བྱས་པར་བརྟེན་འདི་ལོར་སྤྱི་ཁོག་དཔལ་འབྱོར་གནས་བབ་བརྟན་པོ་རྒྱུན་འཁྱོངས་བྱས་ཤིང་། ཉེ་བའི་དུས་ཚིགས་ཤིག་ལ་ཆག་ཕྱོགས་བསྒྱུར་པ་དང་། ལས་ཀ་ཤོར་ཚད་ནི་སྔར་བཞིན་ཆུ་ཚད་དམའ་པོར་གནས་ཡོད་ལ། སྤྱི་པའི་ནོར་སྲིད་བརྟན་ཞིང་སྐྱོན་བྲལ་རྒྱུན་འཁྱོངས་བྱས་པ་མ་ཟད། དཔལ་འབྱོར་སྙོམས་སྒྲིག་བྱ་རིམ་དུ་གསར་གཏོད་འཕེལ་རྒྱས་གཏོང་བའི་འདུ་ཤེས་འཛིན་ཤུགས་ཆེ་རུ་སོང་བས། ཨའོ་མོན་ཡུལ་མི་རྣམས་ཀྱིས་འབད་བརྩོན་ལྷོད་མེད་བྱེད་པའི་སྐྱེ་སྟོབས་མངོན་གསལ་དུ་མཚོན་ཡོད་ཅེས་བསྟན་པ་རེད།
    ༄༅།།ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཆང་སྟོན་བཤམས་ཏེ་ཨའོ་
མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་17འཁོར་བར་རྟེན་འབྲེལ་ཟབ་རྒྱས་ཞུ་བ།
    ༄༅།།ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཆང་སྟོན་བཤམས་ཏེ་ཨའོ་
མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་17འཁོར་བར་རྟེན་འབྲེལ་ཟབ་རྒྱས་ཞུ་བ།
      

    ཕྱོགས་བསྡུས་གསར་འགྱུར།