འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག་》གསར་པ་སང་ལོ་ནས་
    བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་15ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན་གྱི་སྔ་དྲོར། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་སྐོང་ཚོགས་བྱས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཆ་རྒྱུས་བྱུང་བ་ལྟར་ན། 《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག་》(གཤམ་ལ་བསྡུས་མིང་དུ་“སྲོལ་ཡིག་”ཅེས་འབོད་རྒྱུ་)དེ་2016ལོའི་ཟླ་9ཚེས་28ཉིན་སྤེལ་བའི་བོད་རང་སྐྱོང་ལྗོངས་ཀྱི་ མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་ཐོག་དུ་དག་བཅོས་བྱས་ནས་གྲོས་འཆམ་བྱུང་བ་དང་། 2017ལོའི་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད། 
         དེ་སྔོན་གྱི་《སྲོལ་ཡིག་》2000ལོའི་ཟླ་3ཚེས་30ཉིན་ནས་བཟུང་ལག་བསྟར་བྱས་པ་ནས་བཟུང་སྟེ་མཐའ་མཚམས་ཀྱི་ལས་དོན་ཁྲིམས་ལྟར་དོ་དམ་དང་མཐའ་མཚམས་ས་ཁུལ་གྱི་སྒྲིལ་སྲོལ་སྲུང་སྐྱོང་ཡག་པོར་བྱེད་པ། མཐའ་མཚམས་ས་ཁུལ་འཕེལ་རྒྱས་དང་བརྟན་བརླིང་ཡོང་བར་བྱེད་པ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་ཕྱི་ཕྱོགས་སུ་སྒོ་མོ་ཇེ་ཆེར་ཕྱེ་བ་དང་བསྟུན་ནས། མཐའ་མཚམས་ས་ཁུལ་གྱི་འགལ་ཟླའི་རྩོད་རྙོག་འདྲ་མིན་དང་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་མང་དུ་འགྲོ་བས་མཐའ་མཚམས་ས་ཁུལ་གྱི་དོ་དམ་ལ་ཞན་ཆའི་ལྷུ་ཚིགས་འགའ་ཞིག་སྔར་བཞིན་གནས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག་》དག་བཅོས་དང་ཁྲིམས་ལུགས་འཛུགས་རྒྱུ་དེ་བོད་ལྗོངས་མཐའ་མཚམས་དོ་དམ་ལས་དོན་ཁྲོད་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་ཅིང་། དེ་ནི་དམངས་འཚོ་དང་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་སྲུང་སྐྱོང་དང་། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་ཐུབ་པའི་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན་པ་རེད།
         བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་རུ་དཔོན་གཞོན་པ་བག་བྲོ་ལགས་ཀྱིས་མཚམས་སྦྱོར་གནང་བ་ལྟར་ན། དག་བཅོས་བྱས་པའི་《སྲོལ་ཡིག་》གསར་པར་སྤྱིའི་དོན་ཚན་དང་རྒྱལ་(མཐའ་)མཚམས་དོ་དམ། མཐའ་མཚམས་ས་ཁུལ་དོ་དམ། མཐའ་མཚམས་མང་ཚོགས་ཀྱི་འགྲོ་འོང་དོ་དམ། ཁྲིམས་འབྲེལ་འགན་འཁྲི། ཟུར་བཀོད་སོགས་ཁྱོན་བསྡོམས་ལེའུ་དྲུག་དང་དོན་ཚན་སོ་དགུ་ཡོད། ཡིག་རིགས་རྒྱས་འགོད་དང་། དོན་ཚན་གྱི་གཏན་ཚིགས་ཚད་ལྡན་དུ་བཏང་བ་མ་ཟད། ད་དུང་མཐའ་མཚམས་ས་ཁུལ་དོ་དམ་བྱེད་ཁོངས་ཁ་གསལ་དང་། མཐའ་མཚམས་ཀྱི་གནས་སྐབས་ཉེན་ཟོན་ས་ཁུལ་གཏན་འབེབས་དབང་ཚད་དང་འགྲོ་འོང་ཆོག་མཆན་འགོད་དབང་ཁ་གསལ། མཐའ་མཚམས་དོ་དམ་ས་ཁུལ་ནས་འགྲོ་འོང་བྱེད་པའི་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་དོན་7གྱི་ཆ་ནས་དག་བཅོས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།