འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་
    བྱུང་སྟེ་ཕན་ཅི་ཝུན་ལ་གུས་འདུད་དང་བཀའ་དྲིན་ཆེ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་15ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་
བྱུང་སྟེ་ཕན་ཅི་ཝུན་ལ་གུས་འདུད་དང་བཀའ་དྲིན་ཆེ་ཞུས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན། ཉིའུ་གཡོད་གྲོང་ཁྱེར་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐལ་མོ་རྡེབ་པའི་བྱེད་སྟངས་ཐོག་ནས་གྲོས་ཆོད་ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ནས་མི་རིང་བར་ལས་འཁྱུར་བྱེད་གྲབས་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཕན་ཅི་ཝུན་ལ་གུས་འདུད་དང་བཀའ་དྲིན་ཆེ་ཞུས་པ་རེད། 
         ཟླ་12ཚེས་14ཉིན། མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་དྲུང་ཡིག་ཁྲུའུ་ཐོག་ཁང་གི་ཐོག་བརྩེགས་དང་པོར་ཕན་ཅི་ཝུན་གྱི་སྐུ་པར་བྲིས་མའི་ཡོལ་བ་འབྱེད་པའི་མཛད་སྒོ་གཉེར་ཞིང་། དུས་དེ་ནས་བཟུང་ཕན་ཅི་ཝུན་གྱི་སྐུ་པར་བྲིས་མ་ནི་དྲུང་ཡིག་ཆེ་མོ་སྔོན་མ་7གྱི་སྐུ་པར་བྲིས་མ་དང་མཉམ་དུ་དྲུང་ཡིག་ཁྲུའུ་ཐོག་ཁང་གི་ཐོག་བརྩེགས་དང་པོའི་བར་འཁྱམས་ཀྱི་གྱང་ངོས་སུ་བཀལ་ཡོད་པ་རེད། ཕན་ཅི་ཝུན་ད་ལོ་དགུང་ལོ་72ཡིན་ལ། 2007ལོའི་ཟླ་1ཚེས་1ཉིན་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོའི་འགན་བཞེས་འགོ་བརྩམས་ཤིང་། ད་ལོའི་ཟླ་12ཚེས་31ཉིན་ལས་འཁྱུར་གནང་རྒྱུ་རེད།
    【1】  【2】  【3】  【4】
    ༄༅།།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་
བྱུང་སྟེ་ཕན་ཅི་ཝུན་ལ་གུས་འདུད་དང་བཀའ་དྲིན་ཆེ་ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།