འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྐབས་དང་པོའི་སློབ་ཁྲིད་གྲུབ་འབྲས་ལ་གཟེངས་བསྟོད་བྱེད་པའི་ཚོགས་
    ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་15ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྐབས་དང་པོའི་སློབ་ཁྲིད་གྲུབ་འབྲས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། 《མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའི་ལག་བསྟར་བྱ་ཐབས་》གཞིར་བཟུང་སློབ་གསོའི་ལས་དོན་པ་48ལ་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་སྤྲད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་ཆུ་ཚད་དང་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། 2014ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་《མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའི་ལག་བསྟར་བྱ་ཐབས་》པར་འགྲེམས་བྱས་པ་དང་འབྲེལ་ཞིང་ཆེན་དེ་ཡོངས་སུ་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་སྤྲོད་རྒྱུའི་དཔྱད་བསྡུར་ལས་དོན་སྤེལ་རྒྱུའི་གཏན་འབེབས་ཀྱང་བྱས་པ་རེད།
        ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་ལ་བྱ་དགའ་སྤྲོད་པ་དེ་ཞིང་ཆེན་དེ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་དང་། རིག་གཞུང་ཚོགས་པ། སྤྱི་ཚོགས་ཀྱི་ཚོགས་པ་གཞན། དགེ་རྒན་དང་དེ་བཞིན་མི་སྒེར་བཅས་ལ་ཕྱོགས་ནས་ལོ་བཞིར་དཔྱད་ཞིབ་ཐེངས་རེ་བྱ་རྒྱུ་དང་རིགས་ཁག་གི་བྱ་དགའི་རྣམ་གྲངས་50ལས་བརྒལ་གྱི་མེད་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་བྱ་དགའ་ཐོབ་པའི་གྲུབ་འབྲས་དེ་དག་ནང་མཚོ་སྔོན་ཞིང་ཆེན་གྱི་མིག་སྔའི་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་དང་ལག་ལེན་ཁྲོད་ལྷག་པའི་འབུར་དུ་ཐོན་པའི་གནད་དོན་ལ་དམིགས་ནས་ཐག་གཅོད་བྱེད་ཐབས་ནུས་ལྡན་བཏོན་པ་ཤ་སྟག་ཡིན་པའི་ནང་སློབ་ཚན་དང་། སློབ་ཁྲིད། གདེང་འཇོག ཐོན་ཁུངས་འཛུགས་སྐྲུན་སོགས་ཀྱི་ཚུད་ཡོད། ལྷག་པར་དུ་སློབ་ཚན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་། སློབ་ཁྲིད་བྱེད་སྟངས་ལེགས་སུ་གཏོང་རྒྱུ། ཆེད་ཚན་འཛུགས་རྒྱུ། ཆ་འཕྲིན་ཅན་གྱི་སློབ་ཁྲིད་ལ་སྐུལ་འདེད་གཏོང་རྒྱུ། སློབ་མའི་ལས་ཞུགས་དང་ལས་གཏོད་ནུས་པ་མཐོ་རུ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ཐད་ནས་བརྗོད་ན་གསར་གཏོད་རང་བཞིན་དང་བཀོལ་སྤྱོད་ཁྱབ་གདལ་གྱི་རིན་ཐང་ལྡན་པ་ཞིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།