འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྔོ་ཚལ་ཐད་ཚོང་རླངས་འཁོར་ལས་མང་ཚོགས་ལ་ཕན་པ་དངོས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་15ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྔོ་ཚལ་ཐད་ཚོང་རླངས་འཁོར་ལས་མང་ཚོགས་ལ་ཕན་པ་དངོས་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་འདུ་འགོད་ལག་ལེན་བསྟར་ཚུན། “གཅིག་གྱུར་སྡེབ་སྐྱེལ་དང་། གཅིག་གྱུར་རིན་གོང་། གཅིག་གྱུར་མཚོན་རྟགས། གཅིག་གྱུར་དོ་དམ། གཅིག་གྱུར་དུས་མཚམས”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་པས། ལྷ་ས་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཚལ་ཉོ་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་དུས་མཚུངས་གྲངས་འབོར་ངེས་ཅན་གྱི་ལས་ཞུགས་ལས་གནས་མཁོ་འདོན་ཐུབ་སྟེ་མང་ཚོགས་ཁག་གཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་ཅིང་། འདི་ནི་ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་ཞིག་ནས་གྲོང་མིས་སྔོ་ཚལ་ཉོ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།