འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་གཉེར་སྐྱོང་བྱེད་པའི་ཤུགས་འགྲེམས་མེ་འཁོར་ཕྱེད་ཀ་ཡན་ཀྲུང་གོར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་27ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་གཞོན་པ་ཀྲའོ་གོ་ཐང་གིས་མིག་སྔར་ཀྲུང་གོས་གཉེར་སྐྱོང་བྱེད་པའི་ཤུགས་འགྲེམས་མེ་འཁོར་གྱི་གྲངས་ཚད་ཀྱིས་གོ་ལ་ཧྲིལ་པོའི་ཕྱེད་ཀ་ཡན་བཟུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
           ཚེས་25ཉིན་ཀྲུང་གོའི་འགྲིམ་འགྲུལ་སྐྱེལ་འདྲེན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“སྐབས་གསུམ་པའི་ཀྲུང་གོའི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་འཐབ་ཇུས་བགྲོ་གླེང་ཚོགས་འདུ”པེ་ཅིང་དུ་འཚོགས་པ་རེད། ཀྲའོ་གོ་ཐང་གིས་གཏམ་བཤད་སྤེལ་སྐབས་དེང་སྐབས་རང་རྒྱལ་གྱི་ལྕགས་ལམ་གྱི་སྒྲིག་ཆས་དག་དེང་རབས་ཅན་དུ་འགྱུར་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་། གཉེར་སྐྱོང་བྱེད་པའི་ཤུགས་འགྲེམས་མེ་འཁོར་གྱི་གྲངས་ཚད་2000ལྷག་ཙམ་ཟིན་པ་དེས་འཛམ་གླིང་ཐོག་གི་མྱུར་བགྲོད་ལྕགས་ལམ་གྱིས་གཉེར་སྐྱོང་བྱེད་པའི་ཤུགས་འགྲེམས་མེ་འཁོར་གྱི་50%བཟུང་བ་དང་གློག་ཤུགས་སྒུལ་འཁོར་ཁྲི་1.2ཡོད་པ། རླངས་སྒུལ་མེ་འཁོར་ཚང་མ་མེད་པར་བཟོས་ཟིན་པ། ནང་འབར་མེ་འཁོར་གྱི་བསྡུར་ཚད་རིམ་བཞིན་དམའ་རུ་འགྲོ་བ་བཅས་ལས་ལྕགས་ལམ་ལྗང་མདོག་འགྲིམ་འགྲུལ་ཡོ་བྱད་ཅིག་ཏུ་དངོས་འབྲེལ་འགྱུར་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།