འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བ་1ནས་10བར་གཞུང་ཁོངས་ཁེ་ལས་ཀྱི་ཡོང་འབབ་འཕར་ཚད་མུ་མཐུད་མཐོ་རུ་སོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་27ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་བ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་འཁོར་རྒྱུག་བྱེད་ཚུལ་ལེགས་ཤིང་། གཉེར་སྐྱོང་ཡོང་འབབ་ཟླ་བ་དྲུག་པར་ལོ་གོང་མའི་དུས་མཚུངས་ལས་འཕར་བའི་གནས་ཚུལ་ཐོག་མར་ཐོན་ཚུན། འཕར་ཚད་མུ་མཐུད་མཐོ་རུ་སོང་བ་དང་ཟླ་བ་འདིར་ལོ་གོང་མའི་དུས་མཚུངས་ལས་འཕར་བའི་གནས་ཚུལ་ཐོག་མར་ཐོན་ཡོད་པ་རེད།
           ཟླ་བ་དང་པོ་ནས་བཅུ་པའི་བར་གཞུང་ཁོངས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་བསྡོམས་གྲངས་སྒོར་དུང་ཕྱུར་367398.3ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་1.5%འཕར་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་གྲངས་སྒོར་དུང་ཕྱུར་19196.5ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་0.4%འཕར་ཡོད། (1)ཀྲུང་དབྱང་ཁེ་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་13134.3ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་3.9%ཆག་ཡོད། (2)ས་གནས་གཞུང་ཁོངས་ཁེ་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་6062.2ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་11%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།