འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།2019ལོར་རྒྱལ་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་སྒྲིག་གཞི་ཚང་བའི་གྲོང་ཚོར་མཁྲེགས་
    འགྱུར་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་27ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་24ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་གཞོན་པ་ཏའེ་ཏུང་ཁྲང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་2019ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་སྒྲིག་གཞི་ཚང་བའི་གྲོང་ཚོར་མཁྲེགས་འགྱུར་ལམ་ཤར་གཏོང་ཐུབ་པར་བྱ་རྒྱུ་ཡིན་ཞེས་པའི་ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་ཀྱི་མཐའ་སྐྱོང་རང་བཞིན་གྱི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་ཡིན་ཞེས་གསུངས།
          འགྲིམ་འགྲུལ་སྐྱེལ་འདྲེན་པུའི་《“ལོ་ལྔ་ཚན་བཅུ་གསུམ་པའི”འགྲིམ་འགྲུལ་དབུལ་སྐྱོར་འཆར་འགོད་》ལྟར་ན། 2020ལོར་སླེབས་སྐབས་ས་ཁུལ་དབུལ་པོའི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་མ་ལམ་གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་པ་དང་། ཆ་རྐྱེན་འཛོམས་པའི་རྫོང་གྲོང་དུ་རིམ་པ་གཉིས་པ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པ། ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་མཁྲེགས་འགྱུར་ལམ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བཅས་བྱས་ཏེ“ཕྱི་མཐུད་ནང་སྦྲེལ་དང་། གྲོང་ཚོ་དང་ཤང་དུ་ཤར་གཏོང་། དུས་གཏན་རླངས་འཁོར་གྲོང་ཚོར་འབྱོར་བ། བདེ་འཇགས་སྟབས་བདེ”བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཞིག་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།