འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ས་གནས་ཀྱི་ཚོགས་པ་སྒྲིག་འཛུགས་70ཡི་དམངས་ཀྱི་ངོ་འཕྲད་གྲོས་མོལ་གན་རྒྱ་བཞག་
    དངུལ་དུང་ཕྱུར་བརྒྱ་ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། ཉེ་ཆར། "བསམ་པ་གཅིག་ཏུ་མཐུན་ནས་རེ་སྨོན་བཀང་།•ཕྱོགས་བསྡུས་རོགས་སྐྱོར་འཆར་གཞི་འགོད་བྱེད་པའི་2016ལོའི་རྒྱལ་ཡོངས་མི་རིགས་ཀྱི་ས་ཁུལ་ཏུ་དངུལ་འཇོག་ཚོང་དོན་ངོ་འཕྲད་གྲོས་ཚོགས"(བསྡུས་མིང་ལ་དམངས་ཀྱི་ངོ་འཕྲད་གྲོས་ཚོགས་)རིམ་པའི་བྱེད་སྒོ་པེ་ཅིང་དུ་སྤེལ། "ཀྲུང་གོའི་ཡུལ་རེའི་ཐོན་རྫས་སྐུལ་སྤེལ་གྱི་འཆར་གཞི་"དང་ཕྱོགས་བསྡུས་ཀྱི་དབུལ་སྐྱོར་བྱ་གཞག་སྟེ་"རེ་སྨོན་སྒྲུབ་བྱེད་ཐང་ཆེན་"ལས་དོན་གྱི་ཉིན་མོ་ཡོངས་བསྒྲགས་བྱེད་འགོ་ཚུགས་པ་རེད།
        ཉིན་གཉིས་པོའི་དམངས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ཁེ་ལས་ཆུང་འབྲིང་གི་དངུལ་རྩ་ཚོང་ར་འདོན་པའི་བགྲོ་གླེང་ཚོགས་འདུ་དང་། ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་ཚོགས་འདུ། ཁྱད་ཆོས་ལྡན་པའི་ཐོན་རྫས་ཚད་བརྒལ་སྦྲེལ་མཐུད་ཚོགས་འདུ། དངུལ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་ཆེད་དོན་བྱེད་སྒོའི་ཚོགས་འདུ་འཚོགས་ཤིང་། ཤིན་ཅང་དང་། ཀུའེ་ཀྲོའུ། བོད་ལྗོངས། ཀོང་ཞི། ཉིང་ཞ། ཡུན་ནན། ལེའོ་ཉིང་། ཤིན་ཅང་གི་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། དེ་བཞིན་དུ་མི་རིགས་ས་ཁུལ་གྱི་ཁུལ་དང་(གྲོང་ཁྱེར་)སོགས་པའི་ས་ཁུལ་གྱི་སྲིད་གཞུང་ཚོགས་པ་70ཙམ་ཚོགས་འདུར་ཞུགས་ཡོད་ཅིང་། ཕྱི་རྒྱལ་གྱི་ཁེ་ལས་450ལྷག་ཙམ་དམངས་ཀྱི་ངོ་འཕྲད་གྲོས་མོལ་སྐབས་སུ་མི་རིགས་ས་ཁུལ་ཏུ་"འཕྲད་རེས་"དང་"ངོ་འཕྲད་"གྲོས་མོལ་བྱས་པ་རེད། ཡུལ་དངོས་སུ་གན་རྒྱ་བཞག་འབོར་དངུལ་སྒོར་དུང་ཕྱུར་100ལྷག་ཙམ་ཟིན་པ་རེད། 
         གཞན་ཡང་། ཀྲུང་གོའི་ཡུལ་རེར་ཐོན་རྫས་རེ་ཡོང་བར་བྱེད་པའི་འཆར་འགོད་དེ་གྲོང་ཁྱེར་ཆེ་ཁག་སོ་སོར་འགོད་པའི་ཟུར་ཁྲིད་ལྟེ་གནས་འཛུགས་རྒྱུའི་གྲོས་འཆམ་བྱུང་སྟེ། བཟོ་རྩལ་རྒྱུད་འཛིན་པ་དང་ཁེ་ལས་ལ་ཁྱད་ཆོས་ལྡན་པའི་ཐོན་རྫས་ཐོན་སྐྱེད་བྱེད་རོགས་དང་། "ཡུལ་རེར་ཐོན་རྫས་རེའི"ཚོང་རྟགས་མ་ལག་གསར་གཏོད་བྱེད་པར་བརྟེན་ནས། ཐོན་ལས་ཀྱིས་དབུལ་སྐྱོར་གནད་འཁེལ་ཡོང་བར་བྱེད་རྒྱུ་ཡིན་པ་རེད། "རེ་སྨོན་སྒྲུབ་པར་བྱེད་པའི་ཐང་ཆེན་"གྱི་ལས་དོན་འཆར་གཞི་དེ་མི་རིགས་ས་ཁུལ་ཏུ་"དྲ་སྦྲེལ་+ཚོང་ཁང་དངོས་བརྒྱུད་"ཀྱི་རྣམ་པའི་ཐོག་ནས། ཚོང་ལས་ཉོ་འཚོང་དང་། རྩེད་འཇོ། སྨན་བཅོས། མཁོ་འཚོང་། གློག་རྡུལ་ཚོང་ལས་བཅས་གཅིག་ཏུ་འདུས་པའི་གྲོང་གསེབ་ཀྱི་ཞབས་ཞུའི་ལས་སྟེགས་གསར་གཏོད་བྱས་པ་རེད།
        ཐེངས་འདིའི་དམངས་ཀྱི་ངོ་འཕྲད་གྲོས་མོལ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན། རྒྱལ་ཁབ་རྒྱུ་ནོར་ལྟ་འདོམས་་ཨུ་ལྷན་སོགས་ཀྱིས་མཉམ་དུ་རྒྱབ་སྐྱོར་དང་། ཀྲུང་གོའི་མི་རིགས་ཚོང་ལས་སྐུལ་འདེད་ལྷན་ཚོགས་ཀྱིས་སྣེ་ཁྲིད་སྒྲིག་འཛུགས་བྱས་ཤིང་། དེའི་དམིགས་ཡུལ་ནི་མི་རིགས་ས་ཁུལ་ཏུ་ཚོང་དང་མ་རྩ་འདྲེན་འགུག་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་བཏང་འབྲས་འགྲེམས་སྟོན། མི་རིགས་ས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ཆོས་ལྡན་པའི་ཐོན་རྫས་ངོ་སྤྲོད་བཅས་བྱེད་པའི་ཆེད་དུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།