འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཡུལ་སྐོར་ཐོན་ལས་སྐུལ་འདེད་ཐེབས་རྩ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་03ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཡུལ་སྐོར་མ་འཇོག་ལམ་སྲོལ་གསར་གཏོད་དང་ཡུལ་སྐོར་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ལས་སྟེགས་རིམ་སྤོར་དང་ནུས་པ་ཆེ་རུ་གཏོང་ཆེད་བཙུགས་པའི་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཐོན་ལས་སྐུལ་འདེད་ཐེབས་རྩ་ཉིན་ཤས་གོང་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་འགོ་ཚུགས་པ་རེད།
         “ཐེབས་རྩ་འདི་ནི་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་སྤྱི་ཚོགས་མ་རྩ་དང་མཉམ་དུ་བཙུགས་པ་ཞིག་ཡིན་ཞིང་། མིག་སྔར་ཐེབས་རྩའི་དངུལ་འབོར་སྒོར་དུང་ཕྱུར་10ཟིན་གྱི་ཡོད”མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞུས་ཧའོ་ཡིས་ཡུལ་སྐོར་ཐོན་ལས་སྐུལ་འདེད་ཐེབས་རྩ་འཛུགས་དོན་ནི་མཚོ་སྔོན་ཡུལ་སྐོར་ལས་རིགས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་མ་འཇོག་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ་ཡུལ་སྐོར་ལས་རིགས་འདི་ཉིད་མཚོ་སྔོན་གྱི་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་སུ་འགྱུར་ཆེད་ཡིན་ཞེས་བཤད་པ་རེད།
         ཞུས་ཧའོ་ཡིས་ཐེབས་རྩས་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཐོན་ལས་སྦྲེལ་ཐག་ཁུལ་ཡོངས་ཀྱི་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཀྱི་དམིགས་ཚད་ལ་དམིགས་ནས། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མ་འཇོག་གཞི་ཁྱོན་ཆེ་རུ་བཏང་སྟེ་ཡུལ་སྐོར་རྣམ་གྲངས་རྩེ་གྲ་ཁག་གཅིག་འཛུགས་སྐྲུན་དང་། ལེགས་ཆའི་ཡུལ་སྐོར་ཁེ་ལས་ཁག་གཅིག་གསོ་སྐྱོང་། ཡུལ་སྐོར་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཁག་གཅིག་འཛུགས་སྐྲུན་བཅས་བྱ་རྒྱུ་མ་ཟད། གྲགས་ཅན་མཛེས་ལྗོངས་ཁུལ་དང་། གྲགས་ཅན་གྲོང་ཁྱེར། གྲགས་ཅན་རྫོང་། གྲགས་ཅན་གྲོང་རྡལ། གྲགས་ཅན་གྲོང་ཚོ་བཅས་ཁག་གཅིག་ཧུར་ཐག་བཏོད་དེ“མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་ཡུལ་སྐོར་ཐོན་སྐྱེད་ནུས་པའི་བཀོད་པ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         ཞུས་ཧའོ་ཡིས“ཁྲོམ་ར་ཅན་གྱི་རྩ་དོན་དང་མ་རྩ་འཁོར་རྒྱུག་བྱེད་སྟངས་གཞིར་བཟུང་། མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་ཇེ་ཡངས་སུ་བཏང་སྟེ་ཐེབས་རྩས་ཡུལ་སྐོར་སྤྲོ་གསེང་ཁུལ་དང་། མཛེས་ལྗོངས་ཁུལ། གྲོང་གསེབ་ཡུལ་སྐོར། ཡུལ་སྐོར་ཚོང་ཟོག སྒེར་འཁོར་སྒར་ས་སོགས་ལས་རྣམ་གསར་པའི་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུའི་ཐད་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་རེད”ནོར་སྲིད་མ་དངུལ་གྱི་དཔེ་སྟོན་དང་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ནས་ཡན་ལག་ཐེབས་རྩ་འགའ་ཞིག་བཙུགས་ཏེ་སྔོན་དཔག་ལྟར་ན། ཐེབས་རྩའི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར་30ཟིན་རྒྱུ་རེད་ཅེས་བཤད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།