འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ནུས་རྒྱུ་གསར་པ་འཕེལ་རྒྱས་ཀྱི་འཇུར་མིག་གི་གནད་དོན་ཐག་གཅོད་
    བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་03ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུ་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་5ཅང་སུའུ་ཞིང་ཆེན་དུ་སྔ་རྗེས་སུ་གཏོང་རྒྱུ་ཡིན་པ་དེ་ནི་མཚོ་སྔོན་གྱི་ནུས་རྒྱུ་གཙང་མ་ཞིང་ཆེན་སྒྲོལ་ནས་ཧྭ་ཏུང་གློག་དྲར་གཏོང་ཐེངས་དང་པོ་ཡིན་ལ། ཞིང་ཆེན་དེས་ནུས་རྒྱུ་གསར་པ་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས་ནུས་རྒྱུ་གཙང་མ་ཕྱིར་ཚོང་བྱ་ཐབས་གསར་པ་བཏོད་པ་ཞིག་ཀྱང་རེད།
         ཕུན་སུམ་ཚོགས་པའི་ཉི་ནུས་དང་འོད་ཤུགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་འཚམ་པའི་ཐང་རྒོད་ས་ཆ་རྒྱ་ཆེན་པོར་བརྟེན་ནས་མཚོ་སྔོན་གྱིས་རླུང་གློག་དང་འོད་ཤུགས་ཚ་ནུས་སོགས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་བཞི་ཆ་གསུམ་ཙམ་ཕྱིར་གཏོང་བྱེད་དགོས་ཀྱི་ཡོད་པ་དང་། ད་ཐེངས་ཅང་སུའུ་ལ་གློག་བཏང་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་2015ལོའི་ལོ་མཇུག་བར་ནུས་རྒྱུ་གཙང་མ་ལྷག་འཕྲོའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་3081ཟིན་ཡོད།
         དུས་ཡུན་རིང་པོའི་ནང་། “བེད་སྤྱོད་དཀའ་བ”དང་། “ཕྱིར་གཏོང་དཀའ་བ”“མཐོ་དམའ་སྙོམས་སྒྲིག་དཀའ་བ”བཅས་ནི་སྔར་ནས་ད་བར་མཚོ་སྔོན་གྱི་འོད་ཤུགས་དང་རླུང་གློག་སོགས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་ཅིག་རེད། མཚོ་སྔོན་གྱིས་སྒོ་དབྱེ་རྣམ་པ་དང་། སྣེ་མང་ཅན། དེང་རབས་ཅན། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་རྒྱལ་ནང་གི་འོད་ཤུགས་ཐོན་ལས་ཚན་ཞིབ་ལས་སྟེགས་ཐོག་མ་བཙུགས་ཏེ་འོད་ཤུགས་དྲ་སྦྲེལ་གྱི་བེད་སྤྱོད་ཚོད་འཛིན་དང་། ནུས་རྒྱུ་གསར་པ་བེད་སྤྱོད་དང་ཕྱིར་གཏོང་། གློག་གཏོང་མ་ལག་ཚོད་ལྟ་སོགས་ཐད་ཀྱི་ལག་རྩལ་ཞིབ་འཇུག་ཧུར་ཐག་བྱས་ནས་འོད་ཤུགས་དང་ཚ་ནུས་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་གཞི་ཁྱོན་དེ་བས་ཆེ་བའི་ངང་གསར་སྤེལ་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད། མིག་སྔར། རྒྱལ་ནང་གི་ས་བབ་མཐོ་བའི་འོད་ཤུགས་གློག་ཁང་གི་འགུལ་བདེའི་དཔྱད་འཇལ་སྒྲིག་ཆས་ཐོག་མ་ལེགས་གྲུབ་ལྡན་པའི་ངང་ཞིབ་བཟོ་བྱས་པ་དང་། ནུས་རྒྱུ་གསར་པ་དྲ་སྦྲེལ་གྱི་བབ་བསྟུན་ཚོད་འཛིན་སོགས་ལས་སྟེགས་ལྔ་བསྐྲུན་པ། རྒྱལ་སྤྱིའི་ཐོག་ནུས་རྒྱུ་གསར་པའི་དྲ་སྦྲེལ་གྱི་བབ་བསྟུན་ཚོད་འཛིན་མ་ལག་ཐོག་མ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བཏང་བ་ལས་ནུས་རྒྱུ་གསར་པ་བསྡུ་ལེན་བྱེད་ནུས་8%མཐོ་རུ་ཕྱིན་པ་དང་། 2015ལོར་འོད་ཤུགས་གློག་གཏོང་ལོ་རེར་བེད་སྤྱོད་བྱེད་ཚད་ཆུ་ཚོད་1637ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
         མཚོ་སྔོན་གྱིས་ད་དུང་ཉོ་ཚོང་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ནུས་རྒྱུ་གསར་པ་རྒྱལ་ནང་གི་ས་ཆ་མང་པོར་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད། འདི་ལོའི་ལོ་སྟོད་དུ། མཚོ་སྔོན་གྱིས་དུས་ཐུང་དང་དུས་ཐོག་ཉོ་ཚོང་བརྒྱུད་ཧྭ་ཏུང་དང་ཧྭ་ཀྲུང་དུ་ནུས་རྒྱུ་གསར་པ་ཆུ་ཚོད་ཆན་ཝ་དུང་ཕྱུར་1.74བཏང་ཡོད། 
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།