འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ལ་འཇར་མན་ཉིའུ་ལུན་པའོ་རྒྱལ་སྤྱིའི་གསར་གཏོད་འགྲེམས་ཚོགས་ཀྱི་
    གསེར་གྱི་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་03ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོའི་ཁེ་ལས་ལ་འཇར་མན་ཉིའུ་ལུན་པའོ་རྒྱལ་སྤྱིའི་གསར་གཏོད་འགྲེམས་ཚོགས་ཀྱི་
གསེར་གྱི་བྱ་དགའ་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན། འཇར་མན་ཉིའུ་ལུན་པའོ་རྒྱལ་སྤྱིའི་གསར་གཏོད་འགྲེམས་ཚོགས་སྐབས་68པ་ཚེས་27ཉིན་ནས་ཚེས་30ཉིན་བར་གཉེར་བ་དང་། ཀྲུང་གོའི་ཁེ་ལས་15ལ་འགྲེམས་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་རེད།
         འདི་ལོ་ཁྱོན་བསྡོམས་རྒྱལ་ཁབ་དང་ས་ཁུལ་28ནས་ཡོང་བའི་ཁེ་ལས་དང་མི་སྒེར་གྱིས་གསར་གཏོད་རྣམ་གྲངས་700ཙམ་འཁྱེར་ཏེ་འགྲེམས་ཚོགས་ནང་ཞུགས་པ་དང་། འགྲན་ཞུགས་ཀྱི་བརྩམས་ཆོས་ནང་གློག་རྡུལ་དང་། སྨན་དང་སྨན་བཅོས། འགྲིམ་འགྲུལ། ཁོར་ཡུག་སྲུང་སྐྱོང་། འཕྲུལ་ཆས་བཟོ་བ་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད། འགྲེམས་ཚོགས་ཀྱི་ཆེད་ལས་ཞིབ་དཔྱད་ཚོགས་པས་གསེར་གྱི་བྱ་དགའ་65དང་། དངུལ་གྱི་བྱ་དགའ་86 ཟངས་ཀྱི་བྱ་དགའ་55དང་ཆེད་མངགས་བཙུགས་པའི་གཞོན་ནུ་ལོ་ཆུང་གི་གསར་གཏོད་བྱ་དགའ་འགའ་ཞིག་བཅས་སྤྲད་པ་རེད།
         དྭངས་སེལ་འཕྲུལ་འཁོར་ཐོན་སྐྱེད་བྱེད་མཁན་ཀྲུང་གོའི་ཁེ་ལས་ཅིང་ཅིན་ཁོར་ཡུག་སྲུང་སྐྱོང་མ་རྐང་ཚད་ཡོད་ཀུང་སིས་འཕྲུལ་ཆས་དེའི་གཡོ་འགུལ་སྒྲིག་ཆས་ལ་བརྟེན་ནས་གསེར་གྱི་བྱ་དགའ་བླངས་ཡོད། ཀུང་སིའི་ཏུང་ཧྲི་ཀྲང་ཅང་ཀུའེ་ཡན་གྱིས་ངོ་སྤྲོད་བྱས་པར“སྲ་གཤེར་དབྱེ་འབྱེད་ལས་བྱུང་བའི་མཁོ་མེད་རྒྱུ་ཆ་སྔོན་ཆད་འཚག་རས་ཐོག་ལུས་པ་དེ་དག་སྦྱག་མས་གཙང་མ་བཟོ་བར་ཆ་སྙོམས་སྐར་མ་12ནས་15བར་འགོར་གྱི་ཡོད། ཡིན་ནའང་གསར་གཏོད་བྱས་པའི་གཡོ་འགུལ་སྒྲིག་ཆས་སྤྱད་ན་སྐར་མ་3ལས་འགོར་གྱི་མེད་པས་གཙང་མ་བཟོ་བའི་ལས་ཕྱོད་ཀྱང་ཆེ་རུ་ཆེན་པོ་ཕྱིན་ཡོད”
         འགྲེམས་ཚོགས་རིང་། གཙོ་གཉེར་ཕྱོགས་ཀྱིས་ད་དུང་གསར་གཏོད་དང་གསར་གཏོད་གྲུབ་འབྲས་གཞན་སྒྱུར་བརྗོད་དོན་གཙོ་བོར་བྱེད་པའི་བགྲོ་གླེང་ཚོགས་འདུ་ཐེངས་མང་འཚོགས་པར་འཇར་མན་གྱི་ས་ཁུལ་མང་པོའི་ཚོང་ཚོགས་དང་། མཐོ་སློབ། གསར་གཏོད་པ་བཅས་ཀྱི་འཐུས་མི་ཞུགས་པ་དང་འབྲེལ་ཉམས་མྱོང་སྤེལ་རེས་ཀྱང་བྱས་པ་རེད།
         ཉིའུ་ལུན་པའོ་རྒྱལ་སྤྱིའི་གསར་གཏོད་འགྲེམས་ཚོགས་1948ལོར་གཉེར་འགོ་ཚུགས་པ་དང་། ལོ་ལྟར་ཆེད་ལས་ལྟ་སྐོར་བ་མང་པོ་ཚོང་ལས་མཉམ་ལས་དང་མ་འཇོག་གོ་སྐབས་འཚོལ་བའི་ཡིད་དབང་བཀུག་ནས་ད་བར་གསར་གཏོད་རྣམ་གྲངས་ཁྲི་3ཙམ་འགྲེམས་ཚོགས་བརྒྱུད་དེ་མང་ཚོགས་ཀྱི་འཚོ་བའི་ནང་ཁྱབ་ཡོད་པ་རེད།  འདི་ནི་ཟླ་10ཚེས་29ཉིན་འཇར་མན་ཉིའུ་ལུན་པའོ་རུ་ཀྲུང་གོའི་ཁེ་ལས་ཅིང་ཅིན་ཁོར་ཡུག་སྲུང་སྐྱོང་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཅང་ཀུའེ་ཡན(གཡོན)ལ་སྐབས་འདིའི་འགྲེམས་ཚོགས་ཀྱི་གསེར་གྱི་བྱ་དགའི་ལག་ཁྱེར་དང་གཟེངས་བསྟོད་རྟགས་མ་ཐོབ་པ།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།