འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅༎།རྒྱལ་ཁབ་རིམ་པའི་མངའ་ཁོངས་ཕྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་གྱི“ཨེ་ཤེ་ཡའི་
    ཁྱད་རྟགས”ཀྱིས་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ཞིང་ལས་
    མཉམ་ལས་ལ་སྣེ་ཁྲིད་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་03ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་ལྔ་འཕེལ་རྒྱས་བཏང་བ་བརྒྱུད་ཀྲུང་གོའི་ཧོ་ནན་ཀུའེ་ཡིའུ་དངོས་མཚན་ཚོགས་པས་གྲབས་སྐྲུན་བྱས་པའི་ཁེར་གྷི་སི་ཐན་གྱི“ཨེ་ཤེ་ཡའི་ཁྱད་རྟགས”ཀྱི་ཞིང་ལས་ཐོན་ལས་མཉམ་ལས་ཁུལ་གྱི་འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་ཆ་ཚང་བའི་ཐོན་ལས་སྦྲེལ་ཐག་དང་དེ་བཞིན་ལྗང་མདོག་སྣོད་བཅུད་གཉེར་སྐྱོང་འདུ་ཤེས་དེ་ས་གནས་དེ་གའི་ཞིང་ལས་ཐོན་ལས་མཉམ་ལས་ཀྱི་མིག་དཔེར་གྱུར་ཡོད། 2016ལོའི་ཟླ་8པར་ཀྲུང་གོའི་ཚོང་དོན་པུའུ་དང་ནོར་སྲིད་པུས་དེ་རྒྱལ་ཁབ་རིམ་པའི་མངའ་ཁོངས་ཕྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་ལ་གཏན་འཁེལ་བྱས་པ་རེད། བྱ་སྒོང་གི་ཐོན་རྫས་ནི“ཨེ་ཤེ་ཡའི་ཁྱད་རྟགས”མཉམ་ལས་ཁུལ་གྱི་མིག་སྔའི་ལྟེ་བའི་ལས་སྒོར་གྱུར་ནས་པི་ཧྲེ་ཁེག་གི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་ཆེ་གྲས་ཁག་ཏུ“ཨེ་ཤེ་ཡའི་ཁྱད་རྟགས”ཀྱི་བྱ་ཤའི་ཐོན་རྫས་ཀྱིས་ཁྲོམ་རའི་ཕྱེད་ཀ་ཙམ་བཟུང་ཡོད། “ཨེ་ཤེ་ཡའི་ཁྱད་རྟགས”ཁེར་གྷི་སི་ཐན་ཕྱོགས་ཀྱིས་གཞི་ཁྱོན་ཅན་གྱི་གསོ་ཚགས་ལས་སྣོན་ཁེ་ལས་ཐོག་མ་དེར་གཏན་འཁེལ་བྱས་པ་རེད། 2011ལོར་ཧོ་ནན་ཀུའེ་ཡིའུ་ཡིས་མ་དངུལ་བཏང་ནས་ཁེར་གྷི་སི་ཐན་གྱི་བྱང་རྒྱུད་དུ་གནས་པའི་ཁྲུའུ་ཧོ་ཀྲོའུ་དབྱི་སི་ཁེ་ལ་གྲོང་རྡལ་གྱི་ཟོག་རོའི་ཁེ་ལས་ཁུལ་གསར་སྤེལ་བྱེད་འགོ་ཚུགས་པ་དང“ཨེ་ཤེ་ཡའི་ཁྱད་རྟགས”ཞིང་ལས་ཐོན་ལས་མཉམ་ལས་ཁུལ་བཙུགས་ནས་འདེབས་འཛུགས་དང་། གསོ་ཚགས། བཤས་གཏོང་ལས་སྣོན། བཟའ་བཅའ་ལས་སྣོན་ཞིབ་ཚགས་སོགས་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཐོན་ལས་གཞི་གཅིག་ཅན་འཕེལ་རྒྱས་བཏང་བ་དེས་ཁེ་ལས་དེ་བས་མང་བར་མངའ་ཁོངས་ཕྱིར་གཅིག་སྡུད་རྣམ་པའི་འཕེལ་རྒྱས་ཀྱི་སྟེགས་བུ་གཏོད་རྒྱུ་དམིགས་ཡུལ་དུ་བྱས་ནས་དུས་ཐེངས་ཁག་གསུམ་ལ་དབྱེ་སྟེ་གཞི་ཁྱོན་ལྡན་པའི་འཛུགས་སྐྲུན་བྱས་པ་རེད། མིག་སྔར་ཀྲུང་གོའི་ཁེ་ལས་8མཉམ་ལས་ཁུལ་ནང་ཞུགས་ནས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་དང་། བཤས་གཏོང་། ལས་སྣོན། ཕྱིར་ཚོང་སོགས་དུས་ཐེངས་དང་པོའི་རྣམ་གྲངས་སྐྲུན་ཟིན་པ་རེད། གོམ་སྟབས་རྗེས་མར་མཉམ་ལས་ཁུལ་གྱིས་ནོར་ལུག་བཤས་གཏོང་གི་ཐོན་སྐྱེད་སྒྲུབ་རིམ་དང་། བཟའ་བཅའ་ལས་སྣོན་གྱི་ཐོན་སྐྱེད་སྒྲུབ་རིམ། ཐུམ་རྒྱག འཁྱགས་གཏོང་ཟོག་འདྲེན་སོགས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་གསར་སྤེལ་བྱས་ནས་ཁེ་ལས་དེ་བས་མང་བའི་ཡིད་དབང་བཀུག་རྩིས་ཡོད་ཅིང་།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།