འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ལས་ཞོར་ཝང་ཆིའུ་སྤོ་ལོའི་ཚོགས་པའི་འགྲན་བསྡུར་མཚོ་སྔོན་དུ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་03ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2016ལོའི“ཐེན་ཡིའུ་ཏེ”བུམ་པའི་རྒྱལ་ཡོངས་ཀྱི་ལས་ཞོར་ཝང་ཆིའུ་སྤོ་ལོ་ཚོགས་པའི་འགྲན་བསྡུར་ཚེས་14ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་དུ་འགོ་ཚུགས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་9ཡི་འགྲན་ཞུགས་རུ་ཁག་འགྲན་བསྡུར་ནང་ཞུགས་པ་རེད།
         འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱི་ཤན་འབྱེད་པ་སུན་ཧའེ་པོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཉིན་གསུམ་བྱ་རྒྱུ་ཡིན་པ་དང་། བུད་མེད་གཞོན་ནུའི་ཆ་རྒྱག་དང་། ན་གཞོན་སྐྱེས་པའི་ཆ་རྒྱག སྐྱེས་པ་དང་བུད་མེད་ཀྱི་མཉམ་བསྲེས་ཆ་རྒྱག་སོགས་ཀྱི་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་པས། ཤིན་ཅང་དང་། བོད་ལྗོངས། ཀན་སུའུ། ཉིང་ཞ། ཡུན་ནན། ཧྲན་ཏུང་། ཅང་སུའུ་སོགས་ཀྱི་ལུས་རྩལ་པ་108འགྲན་བསྡུར་ཆེ་མོའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།
         གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་15ཉིན། ཀྲུང་གོའི་ཝང་ཆིའུ་སྤོ་ལོ་མཁས་ཅན་ཀྲང་ཧྲོའེ་ད་ཐེངས་འགྲན་བསྡུར་གྱི་སྐུ་མགྲོན་ཡིན་པའི་ངོས་ནས་བྱེད་སྒོར་ཞུགས་ཡོད་པ་དང་འབྲེལ་སྤོ་ལོ་དབྱིངས་པ་དང་མཉམ་དུ་དེ་གར་སྤེལ་རེས་བྱས་ཡོད། དེ་དང་ཆབས་ཅིག་ཚེས་16ཉིན་མཚོ་སྔོན་ཝང་ཆིའུ་སྤོ་ལོའི་སྤོ་ལོ་དབྱིངས་པ་ཆུང་ཆུང་དང་ས་གནས་ས་ཐོག་ཏུ་སྤེལ་རེས་ཀྱང་བྱས་ཡོད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།