འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་མཆོད་མེའི་དུས་ཆེན་ལ་ཤོག་སྦག་ཚོན་ཁྲ་ཅན་འབོར་ཆེན་སྦར་ནས་མཁའ་
    དབུགས་འབག་བཙོག་ཚབས་ཆེན་བཟོས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་02ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རྒྱ་གར་གྱི་མཆོད་མེའི་དུས་ཆེན་ལ་ཤོག་སྦག་ཚོན་ཁྲ་ཅན་འབོར་ཆེན་སྦར་ནས་མཁའ་
དབུགས་འབག་བཙོག་ཚབས་ཆེན་བཟོས་པ།
         མི་དམངས་དྲ་བའི་འཕྲིན། “སྨུག་ཞག”ནི་ཟླ་10ཚེས་31ཉིན་རྒྱ་གར་གྱི་སྤྱི་ཚོགས་འབྲེལ་བའི་དྲ་རྒྱའི་སྟེང་གི་བརྡ་ཆད་གཙོ་བོ་ཞིག་ཏུ་གྱུར་ཡོད་དེ། རྒྱུ་མཚན་ནི་འདས་ཟིན་མ་ཐག་པའི་གཟའ་མཇུག་ཏུ་རྒྱ་གར་བ་རྣམས་ཀྱིས་སྲོལ་རྒྱུན་གྱི་མཆོད་མེའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་ཤོག་སྦག་ཚོན་ཁྲ་ཅན་མང་པོ་སྦར་བས། མཁའ་དབུགས་འབག་བཙོག་ཚབས་ཆེན་བཟོས་པ་རེད། དབྱིན་ཇིའི་རླུང་འཕྲིན་ཀུང་སིའི་འཕྲིན་གསར་ལྟར་ན། རྒྱ་གར་གྱི་རྒྱལ་ས་ཏི་ལི་གསར་པའི་ཟླ་10ཚེས་31ཉིན་མིག་གིས་ཟིན་ཐུབ་ཚད་ནི་ཤིན་ཏུ་དམའ་སྟེ། PM10ཡི་སྟུག་ཚད་ནི་སྨི་ལྷམ་པ་རེར་ཧའོ་ཁེ་999ཟིན་ཡོད་པས་བདེ་འཇགས་ཚད་གཞི་ལས་ཆེས་ཆེར་བརྒལ་འདུག
         ཏི་ལི་གསར་པའི་སྲིད་གཞུང་གིས་གཟའ་སྔ་མར་ལམ་འགྲམ་དུ་མཁའ་དབུགས་གཙང་བཟོ་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པར་བསྒྲགས་མོད། འོན་ཀྱང་ནུས་པ་ཆེན་པོ་ཐོན་ཡོད་པ་མ་རེད། ད་ལོའང་སྔ་ལོ་བཞིན་དུ་མཆོད་མེའི་དུས་ཆེན་གྱི་སྔ་རོལ་དུ་མི་མི་ཉུང་བ་ཞིག་གིས་ཤོག་སྦག་ཚོན་ཁྲ་ཅན་ཉུང་དུ་གཏོང་རྒྱུའི་འབོད་སྐུལ་བྱས་མོད། འོན་ཀྱང་དང་ལེན་བྱེད་མཁན་མང་པོ་མེད་པ་རེད། རྒྱ་གར་གྱི་མི་རྣམས་ཀྱིས་ཤོག་སྦག་ཚོན་ཁྲ་ཅན་སྤར་རྒྱུ་ནི་དུས་ཆེན་གྱི་དགའ་སྤྲོའི་རྣམ་པ་མཚོན་བྱེད་གཙོ་བོ་ཞིག་ཏུ་བརྩི་བཞིན་ཡོད་པ་མ་ཟད་ཤོག་སྦག་ཚོན་ཁྲ་ཅན་འབོར་ཆེན་སྦར་ནས་ཕྱུག་ངོམས་བྱེད་མཁན་ཡང་ཡོད་པ་རེད།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་2014ལོར་ཁྱབ་བསྒྲགས་བྱས་པའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཤིག་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་བོར་འབག་བཙོག་ཆེས་ཚབས་ཆེ་ཤོས་ཀྱི་གྲོང་ཁྱེར་20ཡི་ནང་དུ་རྒྱ་གར་གྱི་གྲོང་ཁྱེར་13འདུས་ཡོད་ལ་ཏི་ལི་གསར་པ་ནི་འབག་བཙོག་ཚབས་ཆེ་ཤོས་ཨང་རིམ་དང་པོར་གྱུར་ཡོད། རྒྱ་གར་དུ་ལོ་རེར་ཧ་ལམ་མི་ཁྲི་62ལྷག་ཙམ་འབག་བཙོག་དང་འབྲེལ་བའི་ནད་གཞིའི་དབང་གིས་ཤི་བཞིན་ཡོད། ཏི་ལི་གསར་པའི་དགུན་དུས་ཀྱི་འབག་བཙོག་ནི་དེ་བས་ཀྱང་ཚབས་ཆེ་སྟེ། མཆོད་མེའི་དུས་ཆེན་ཙམ་མ་ཟད་ད་རུང་གད་སྙིགས་བསྲེགས་ནས་དྲོད་ལེན་པ་དང་ཞིང་ལས་ས་རྒོད་འདུལ་སྲེག་སོགས་ཀྱི་གནོད་སྐྱོན་ཡང་ཐེབས་ཡོད་པ་རེད།  
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།