འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།སྒྱུ་རྩལ་པས་དུས་ཡུན་ལོ་ཕྱེད་རིང་ལ་གསེར་སྐུད་ལི་སྨི་4800ཀྱིས་《གསེར་སྐུ་དེ་བཞིན་
    གཤེགས་པའི་རི་མོ》བཙེམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་02ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྒྱུ་རྩལ་པས་དུས་ཡུན་ལོ་ཕྱེད་རིང་ལ་གསེར་སྐུད་ལི་སྨི་4800ཀྱིས་《གསེར་སྐུ་དེ་བཞིན་
གཤེགས་པའི་རི་མོ》བཙེམས་པ།
         མི་དམངས་དྲ་བའི་འཕྲིན། ལན་ཀྲོའུ་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་ལི་ཧའེ་མིང་(李海明)གིས་དུས་ཡུན་ལོ་ཕྱེད་ནང་དུ་ལི་སྨི་4800ཟིན་པའི་གསེར་སྐུད་སྤྱོད་དེ་ཏུན་ཧོང་བྲག་ཕུག་གི་ལྡེབས་རིས་གྲགས་ཅན་《གསེར་སྐུ་དེ་བཞིན་གཤེགས་པའི་རི་མོ་》གཡུ་རྩིའི་རི་མོ་བཙེམས། ལི་ཧའེ་མིང་གིས་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག སླར་རི་མོ་གསར་པ་ཞིག་གཏོད་པ་རེད། ཁོང་གིས་གཡུ་རྩིའི་སི་སྐུད་སྤྱོད་ནས་དམངས་ཁྲོད་ཀྱི་ལྷད་མེད་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་བཟོས་པའི་ཐང་ག་དང་ལྡེབས་རིས་ནི་ནང་བསྟན་རི་མོ་དང་། ཏུན་ཧོང་གི་ལྡེབས་རིས། བོད་བརྒྱུད་ཐང་ཀ་སོགས་མ་དཔེ་རུ་བཟུང་ཡོད་པ་དང་། ནང་བསྟན་གྱི་བླ་མེད་སྙིང་སྟོབས་དང་སྒྱུ་རྩལ་གྱི་མཛེས་ཉམས་འཆར་སྣང་གཅིག་ཏུ་བཏུས་པ་དང་ཆ་ཚང་ངང་མཉམ་འབྲེལ་གཅིག་གྱུར་བྱས་ཡོད་པས། མཛེས་ཆོས་ཞིབ་ཕྲའི་ཁྲོད་ནས་འཁྱུག་རྩལ་ལྡན་པའི་ལག་བཟོའི་སྒྱུ་རྩལ་ལས་སེམས་ཅན་ཐམས་ཅད་ཀྱིས་བདེ་བ་དང་། བདེ་སྐྱིད་འདོད་པའི་རྣལ་མེད་སེམས་ཀྱི་རེ་སྨོན་མཚོན་པར་བྱས་ཡོད་པ་རེད།
    【1】  【2】  【3】
    ༄༅།།སྒྱུ་རྩལ་པས་དུས་ཡུན་ལོ་ཕྱེད་རིང་ལ་གསེར་སྐུད་ལི་སྨི་4800ཀྱིས་《གསེར་སྐུ་དེ་བཞིན་
གཤེགས་པའི་རི་མོ》བཙེམས་པ།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།