འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྡོ་ཐ་ལས་རིགས་ཀྱིས་དངུལ་སྒོར་དུང་ཕྱུར་ལྔ་བཏང་ནས་བོད་ལ་དབུལ་སྐྱོར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་02ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་31ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཤིའུ་ལན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྡོ་ཐ་ལས་རིགས་ཀྱིས་ལོ་རེར་དངུལ་སྒོར་དུང་ཕྱུར་གཅིག་གཏོང་རྒྱུ་དང་ལོ་ལྔར་ཁྱོན་དངུལ་སྒོར་དུང་ཕྱུར་ལྔ་བཏང་སྟེ་གནས་གཏན་འཁེལ་རྣམ་པའི་ཐོག་ནས་བོད་ལ་དབུལ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།
         ཐོན་ལས་དབུལ་སྐྱོར་དང་། སློབ་གསོ་དབུལ་སྐྱོར། སྨན་བཅོས་དབུལ་སྐྱོར་སོགས་རྣམ་པ་བརྒྱུད། ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་འཛུགས་སྐྲུན་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན། གྲོང་སྡེ་ཆུང་ངུ་འཛུགས་སྐྲུན། སྤྱི་ཕན་རྣམ་གྲངས་འཛུགས་སྐྲུན་བཅས་ལ་སྐུལ་ཁྲིད་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
         སློབ་གསོ་དབུལ་སྐྱོར་ལ་ཆ་མཚོན་ན། 2009ལོའི་ཚུན་དུ། རྡོ་ཐ་ལས་རིགས་ཀྱིས་རིམ་རྩིས་བྱས་ན་བོད་ལྗོངས་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ལ་ཞལ་འདེབས་སྒོར་ཁྲི་2876བརྒྱབ་པ་དང་། ལྷོ་ཁ་དང་། གཞིས་རྩེ། མངའ་རིས་སོགས་ས་ཁུལ་གྱི་སློབ་གྲྭ་77ལ་ཉི་ནུས་གློག་འདོན་སྒྲིག་ཆས་སྒྲིག་སྦྱོར་བྱས་པ། སློབ་གྲྭ་28ལ་རྩིས་འཁོར་སློབ་ཁང་བཀོད་སྒྲིག་བཅས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།