འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དགུན་དུས་བོད་ཀྱི་རིག་གནས་ཉམས་ཞིབ་ཡུལ་སྐོར་ལམ་ཐིག་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་02ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་དགུན་དུས་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་འགའ་བཏོད་དེ་ཡུལ་སྐོར་བར་བོད་ལྗོངས་ཀྱི་རིག་གནས་ཉམས་སུ་མྱོང་བའི་ཞོར་དུ། བོད་ལྗོངས་ལྷོ་རྒྱུད་ཀྱི་གཙང་རོང་ས་ཁུལ་གྱི་དྲོ་སྐྱིད་ལྡན་པའི་དགུན་དུས་ཀྱི་ཉི་འོད་དང་ལྟོས་བཅས་ཐོག་ནས་གསོ་རླུང་འདང་ངེས་ལོངས་སྤྱོད་ཐུབ་པར་བྱས་པ་རེད།
         "བོད་ཀྱི་འབྱུང་གནས་བརྩད་གཅོད་ཀྱི་འགྲུལ་བཞུད"ཅེས་པ་བརྗོད་གཞིར་བྱས་པའི་ལམ་ཐིག་ཏུ། ཡུལ་སྐོར་བས་གཟའ་འཁོར་གཅིག་གི་རིང་། ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་སོགས་སྐད་གྲགས་ཅན་གྱི་ཡུལ་ལྗོངས་ཁུལ་ལ་གཟིགས་སྐོར་གནང་རྗེས་ཡར་ཀླུང་གཙང་པོ་རྒྱུད་ཀྱི་དགོན་པ་ཐོག་མ་སྟེ་བསམ་ཡས་དགོན་པ་དང་། ཡར་ཀླུང་ཆུ་བོ་རྒྱུག་ཁུལ་གྱི་ཡུམ་བུ་བླ་སྒང་། བཙན་པའི་བང་སོ། ཁྲ་འབྲུག་དགོན་པ་སོགས་སྔ་རབས་ཀྱི་ལོ་རྒྱུས་ལྡན་པའི་གནས་མཆོག་དུ་སྐྱོད་ཆོག་པ་མ་ཟད། ལྷ་མོའི་བླ་མཚོ་དང་ཡར་འབྲོག་གཡུ་མཚོ། ཡར་ལྷ་ཤམ་པོ་སོགས་རིག་གནས་མཚོན་དོན་ལྡན་པའི་རང་བྱུང་མཛེས་ལྗོངས་དམིགས་བསལ་ལ་གཟིགས་སྐོར་གནང་ཆོག་པ་རེད།
         ཡར་ཀླུང་གཞུང་ཁུལ་ནི་ལོ་རྒྱུས་ཐོག་གནའ་བོའི་བོད་ཀྱི་རིག་གནས་འབྱུང་ཁུངས་སུ་ངོས་བཟུང་ཡོད། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ལུའོ་ཡུན་གྱིས་ཡུལ་སྐོར་ལམ་ཐིག་འདིའི་ནང་། ཡུལ་སྐོར་བས་དགུན་དུས་ཞིང་རྨོ་བའི་རྣམ་པ་མཐོང་ཐུབ་པ་དང་། བོད་ལྗོངས་ལྷོ་རྒྱུད་ཀྱི་ཞིང་ལས་ཤེས་དཔལ་གྱི་ལོ་རྒྱུས་ཀྱང་ཉམས་སུ་བསྟར་ཆོག གཞན་ཡང་དགུན་དུས་སུ་མཆོད་མཇལ་བའང་མང་བས། བོད་ཀྱི་རིག་གནས་དེར་ཉམས་ཞིབ་ཟབ་མོ་བྱས་ཆོག་པ་འདུག་ཅེས་ངོ་སྤྲོད་གནང་བ་རེད།
         གཞན་ཡང་། ལྷ་ས་ནས་རྡོག་ཐོན་ཏེ་ལྷོ་ཁ་དང་ཉིང་ཁྲི་བརྒྱུད་ནས་ཕྱིར་ལྷ་ས་གྲོང་ཁྱེར་དུ་འབྱོར་བའི"ཤར་གྱི་སྒོར་ཐིག་ལམ"ཡོད་པ་སྟེ། ལམ་ཐིག་འདི་ནས་ཡུལ་སྐོར་བ་ལྡོག་འགྲོ་བྱེད་མི་དགོས་པའི་ཐོག་ནས་གཟའ་འཁོར་གཅིག་གི་རིང་ལ་བོད་ལྗོངས་ཀྱི་དབུས་རྒྱུད་དང་། ཤར་རྒྱུད། ལྷོ་རྒྱུད་བཅས་ཀྱི་ལྟེ་བའི་མཛེས་ལྗོངས་ཁུལ་དུ་བསྐྱོད་ཐུབ། ལྷ་ས་གྲོང་ཁྱེར་ནས་འགོ་ཚུགས་པ་དང་མཚོ་སྣ་རྫོང་ནས་མཇུག་རྫོགས་པའི"མཐའ་མཚམས་ཀྱི་ཁམས་གསོའི་འགྲུལ་བཞུད"ཅེས་པའི་ལམ་ཐིག་ཏུ་ཡུལ་སྐོར་བ་མོན་པའི་སྡོད་ཁང་དུ་ཞག་སྡོད་བྱས་ཏེ་བོད་ཀྱི་རིག་གནས་ཤུལ་བཞག་ལ་ཉམས་ཞིབ་བྱས་ཆོག་པ་དང་། དུས་མཚུངས་སུ་བོད་ལྗོངས་ཀྱི་ལྷོ་རྒྱུད་ས་བབ་དམའ་བའི་གདོད་མའི་ནགས་ཚལ་དུ་འབྱོར་སྐབས་མཐོ་སྒང་གི་གསོ་རླུང་མི་འདང་བའི་གནས་ཚུལ་ཞི་ལྷོད་དུ་གཏོང་ཐུབ། 
         ཤེས་རྟོགས་བྱུང་བ་ལྟར་ན། ལྷ་ས་གོང་དཀར་གནམ་གྲུ་འབབ་ཐང་ནས་རྩེ་ཐང་བར་གྱི་ཆེད་སྤྱོད་རིམ་མཐོའི་གཞུང་ལམ་དང་། ལྷ་ས་ནས་ལྷོ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གཉིས་ཀྱང་བསྐྲུན་འགོ་ཚུགས་ཡོད་ལ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་ཕུག་ལམ་ཐོག་མ་དེ་ཉེ་སྔོན་ཤར་གཏོང་ཐུབ་ནས་འཛུགས་སྐྲུན་གྱི་ལས་གྲྭ་བརྟན་པོའི་ངང་སྒྲུབ་བཞིན་ཡོད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།