འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དངོས་མཚོན་གློག་བརྙན་《གསང་བའི་རྒྱང་སྐྱོད་ལམ་བུ་》ལས་རྒྱང་སྐྱོད་སྐབས་ཀྱི་
    གནས་ཚུལ་དངོས་མཚོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་02ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དངོས་མཚོན་འཕྲིན་ལམ་དང་སི་ཁྲོན་སྲུང་སྐར་འཕྲིན་ལམ་ཐོག་ལེའུ་བརྒྱད་ཡོད་པའི་དངོས་མཚོན་གློག་བརྙན་《གསང་བའི་རྒྱང་སྐྱོད་ལམ་བུ——དམར་དམག་སི་ཁྲོན་དུ་རྒྱང་སྐྱོད་བྱེད་པ་》སྟོན་འགོ་ཚུགས་ཤིང་། གློག་བརྙན་དེའི་ནང་མི་རྣམས་ཀྱིས་དམར་དམག་རྒྱང་སྐྱོད་སྐབས་ཕྲད་པའི་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཁོར་ཡུག་དངོས་ལ་ཉམས་ལེན་བྱས་ཚུལ་ཞིབ་པར་བཀོད་དེ་ལྟད་མོ་བ་རྣམས་ལ་རྒྱང་སྐྱོད་སྐབས་ཀྱི་གནས་ཚུལ་དངོས་སུ་བསྟན་ཡོད།
         “90ནང་སྐྱེས”ཀྱི་ཁྲོ་ཆུ་རྫོང་གི་བོད་རིགས་ཡུལ་དམག་ཡེ་ཤེས་སྒྲོལ་མ་ཆུང་དུས་ནས་དམར་དམག་གིས་ཕ་ཡུལ་གྱི་གངས་རི་ཆེན་པོ་གསུམ་བརྒལ་བའི་བྱུང་བ་ཉན་མྱོང་ཡོད་པ་དང་ཆེན་པོ་ཆགས་རྗེས་དམག་མི་ཞིག་བྱ་རྒྱུ་ནི་ཁོ་མོའི་ཕུགས་འདུན་རེད། གློག་བརྙན་དེའི་ནང་ཁོ་མོ་དང་ཡུལ་དམག་འཐབ་གྲོགས་ཚོས་དམར་དམག་གི་དམག་ཆས་སྲབ་མོ་ཞིག་གྱོན་ཏེ་གྱ་གྱུ་ལའི་ཕྱོགས་སུ་དཔའ་ངར་ཆེན་པོས་དཔུང་སྐྱོད་བྱེད་ཀྱི་ཡོད།
         《གསང་བའི་རྒྱང་སྐྱོད་ལམ་བུ——དམར་དམག་སི་ཁྲོན་དུ་རྒྱང་སྐྱོད་བྱེད་པའི་》སྤྱི་ཁྱབ་འཁྲབ་ཁྲིད་པ་ཕུའུ་ཡུང་གིས“གསང་བའི་རྒྱང་སྐྱོད་ལམ་བུ”ཞེས་འབོད་དོན་ནི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་ཆེད་ཡིན། “ང་ཚོས་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས་དམར་དམག་སི་ཁྲོན་དུ་སླེབས་རྗེས་མངོན་མེད་གསང་བའི་སྒོ་ནས་དེ་ཁུལ་ནས་རང་ཉིད་ཀྱི་འགྲོ་ལམ་འཚོལ་བཞིན་བསྐྱོད་ཡོད། དཔུང་སྐྱོད་བྱེད་སྟངས་དང་སི་ཁྲོན་གྱི་ས་དབྱིབས་གཉིས་ཀས་མིའི་རིགས་ཀྱིས་དཀའ་སྡུག་ཇི་འདྲ་མྱོང་ཐུབ་མིན་ལ་འགྲན་སློང་བྱེད་ཀྱི་ཡོད་པས། དེ་ནི་འཛམ་གླིང་གི་དཔུང་སྐྱོད་ལོ་རྒྱུས་ཐོག་བསྐྱར་དུ་ཐོན་མི་སྲིད་པའི་ངོ་མཚར་ཞིག་རེད”ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།