མི་དམངས་དྲ་བ།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཧུང་ཤིའུ་ཀྲུའུ་ལ་
མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་02ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཧུང་ཤིའུ་ཀྲུའུ་ལ་
མཇལ་འཕྲད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་ཀྲུའུ་ཞི་ཧུང་ཤིའུ་ཀྲུའུ་(洪秀柱)ཡིས་སྣེ་ཁྲིད་གནང་བའི་ཀྲུང་གོ་གོ་མིན་ཏང་གི་སྐམ་ས་ཆེན་པོར་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཧུང་ཤིའུ་ཀྲུའུ་ཡིས་ཚོགས་པའི་སྣེ་ཁྲིད་དེ་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་ཞིང་། ཞིས་ཅིན་ཕིང་གིས་ལོ་རྒྱུས་ཀྱི་དུས་གནས་འགྱུར་ལྡོག་ཆེན་པོ་བྱུང་བའི་རིང་གོ་གུང་ཏང་གཉིས་ཀྱི་བར་ལ་དགའ་སྡང་མང་པོ་ཡོད་མྱོང་བ་དང་དུས་མཚུངས་སུ་ཀྲུང་ཧྭ་མི་རིགས་གོང་དུ་འཕེལ་བའི་དུས་སྐབས་གནད་འགག་ཆེ་བར་ཏང་གཉིས་ཀྱིས་མི་རིགས་ཀྱི་དྲང་བདེན་གྱི་དོན་དུ་མཉམ་ལས་ཀྱང་ཐེངས་ཁ་ཤས་བྱེད་མྱོང་བ་དང་། མི་རིགས་དང་རྒྱལ་ཁབ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། 2005ལོར་ཏང་གཉིས་ཀྱིས་ལོ་རྒྱུས་ཀྱི་བཙན་འགག་གཏོར་ནས་འབྲེལ་གཏུག་གསར་པ་བྱེད་འགོ་བརྩམས་པ་དང་། ཏང་གཉིས་ཀྱི་དབུ་ཁྲིད་ཀྱིས་མཉམ་དུ་“མཚོ་འགག་གཉིས་ཞི་བདེའི་ངང་འཕེལ་རྒྱས་གཏོང་རྒྱུའི་ཐུན་མོང་གི་འདུན་ལྗོངས་”ཁྱབ་སྤེལ་བཏང་ནས་མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་རྒྱུའི་ཁ་ཕྱོགས་གསར་པ་གསལ་སྟོན་གནང་བ་རེད། 2008ལོ་ནས་བཟུང་གོ་གུང་ཏང་གཉིས་ཀྱིས་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་དང་མཉམ་དུ་མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་ལམ་ཕྱེ་སྟེ་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་བསྐྲུན་པ་རེད། བདེན་པ་ཡོད་མེད་གཟུར་གནས་ཀུན་གྱིས་རྟོག¬¬ས། གོ་གུང་ཏང་གཉིས་ཀྱིས་མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་བར་བཞག་པའི་མཛད་རྗེས་རྣམས་ལོ་རྒྱུས་དེབ་ཐེར་ལ་འཁོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། མཚོ་འགག་ངོགས་གཉིས་ནི་ཁ་བྲལ་གཏོང་ཐབས་བྲལ་བའི་ལས་ཀྱིས་བཀོད་པའི་ཐུན་མོང་ཚོགས་པ་ཡིན་ཞིང་། ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་མཚོན་པའི་“དགུ་གཉིས་ཐུན་མོང་ལྟ་བ་”ཡི་ཆབ་སྲིད་རྨང་གཞི་མཐའ་འཁྱོངས་བྱས་ཏེ་ཐའེ་ཝན་མཚོ་འགག་ཞི་བདེ་བརྟན་ལྷིང་ཡོང་བར་སྲུང་སྐྱོང་དང་། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བདེའི་ངང་གོང་དུ་སྤེལ་བར་སྲུང་སྐྱོང་བྱ་རྒྱུ་ནི་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྱི་དམངས་འདུན་འཕེལ་ཕྱོགས་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་ཆ་ཚང་བ་ཁ་བྲལ་དུ་གཏོང་དུ་མི་འཇུག་པར་འགན་ལེན་ཏན་ཏིག་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འདོད་བློ་ཡིན་ཞིང་། མི་རིགས་བསྐྱར་དར་ཡོང་བ་མངོན་འགྱུར་བྱས་ཏེ་ཀྲུང་ཧྭ་དར་རྒྱས་ཆེ་ཞིང་ཕུན་སུམ་ཚོགས་པོ་བསྐྱར་སྐྲུན་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལྡོག་ཐབས་མེད་པ་ཞིག་རེད། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་ཞིས་ཅིན་ཕིང་གིས་དགོངས་འཆར་དོན་ཚན་དྲུག་བཏོན་གནང་བ་རེད།
         ཧུང་ཤིའུ་ཀྲུའུ་ཡིས་བསྟན་པར། གོ་གུང་ཏང་གཉིས་ཀྱིས་མུ་མཐུད་དེ་“དགུ་གཉིས་ཐུན་མོང་ལྟ་བ་”མཐའ་འཁྱོངས་དང་“ཐའེ་ཝན་རང་བཙན་”ལ་ངོ་རྒོལ་བྱས་པའི་རྨང་གཞིའི་ཐོག་མཐུན་སྦྱོར་རྐྱེན་སྲོལ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་འགག་ངོགས་གཉིས་བར་གྱི་དཔལ་འབྱོར་ཉོ་ཚོང་དང་དམངས་ཁྲོད་སྤེལ་རེས་འགྲོ་འོང་ཇེ་ཆེརསྤེལ་བར་སྐུལ་འདེད་དང་། མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུའི་བར་གྱི་སྤེལ་རེས་ལ་སྐུལ་སྤེལ་བཏང་ནས་འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་དར་སྤེལ། སྐམ་ས་ཆེན་པོར་ཐའེ་ཝན་གྱི་ཚོང་དོན་གོང་དུ་འཕེལ་བར་རྒྱབ་སྐྱོར། མཚོ་འགག་ངོགས་གཉིས་བར་གྱི་ཞི་བདེ་ལམ་ལུགས་ཅན་དུ་འགྱུར་བར་ཞིབ་དཔྱད་ཧུར་ཐག་བྱས་ནས་མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་ཐུན་མོང་དུ་སྲུང་སྐྱོང་བྱས་ཏེ་སྤུན་ཟླ་རྣམས་སྔར་ལས་བདེ་ཞིང་སྐྱིད་པོ་ཡོང་བ་བཅས་བྱས་ཐོག་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་མདུན་ལམ་འོད་སྟོང་འབར་བ་གསར་སྐྲུན་བྱ་དགོས།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཝང་ཧུའུ་ཉིན་དང་ལི་ཀྲན་ཧྲུའུ་སོགས་མཇལ་འཕྲད་གནང་བར་ཞུགས་པ་རེད།

  
2016-10-19 2016-10-14