འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་40ཙམ་བཏང་ནས་བོད་ཀྱི་ཞིང་འབྲོག་ཁུལ་
    གྱི་སློབ་གྲྭའི་ཆ་རྐྱེན་ལེགས་སུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་02ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཟླ་10ཚེས་31ཉིན་བོད་ཀྱི་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོ་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་གཏོང་ལས་དོན་ལ་སྐུལ་མ་གཏོང་བའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2014ལོ་ནས་བཟུང་ཀྲུང་དབྱང་གིས་བོད་ལ་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་40.1བཏང་ནས་འོས་འགན་སློབ་གསོའི་སློབ་གྲྭ་1034ཡི་“སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་རྒྱུའི”ལག་བསྟར་ཁྱབ་ཁོངས་ནང་བཅུག་པས་བོད་ཀྱི་རྫོང་(ཆུས)74ལ་ཁྱབ་ཡོད།
         བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ལུའུ་ཧྲི་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་གིས་བོད་ལ“སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་རྒྱུའི”མ་དངུལ་སྒོར་དུང་ཕྱུར་40.1བཏང་བའི་ནང་ཀྲུང་དབྱང་གི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་21.2དང་ཀྲུང་དབྱང་གི་འོས་འགན་སློབ་གསོའི་དུས་མཚམས་གཞན་གྱི་གྲབས་གསོག་མ་དངུལ་སྒོར་དུང་ཕྱུར་18.9བཏང་ནས་སློབ་གྲྭའི་ཉལ་ཁང་བསྐྱར་སྐྲུན་དང་སྒྲིག་ཆས་སྒྲིག་སྦྱོར་དང་དེ་བཞིན་ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་བྱས་ཡོད། མིག་སྔར། འཆར་གཞིའི་ནང་གི་སློབ་གྲྭའི་ཉལ་ཁང་བསྐྲུན་རྒྱུ་45.4%ལེགས་གྲུབ་ཟིན་པ་དང་། སྒྲིག་ཆས་རིགས་ཚང་མ་ཉོས་ཟིན་ནས་སློབ་གྲྭར་སྤྲད་དེ་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་རྒྱུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། “ལོ་ལྔའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བའི”འཆར་འགོད་དུས་ཚོད་ལོ་ཕྱེད་ཙམ་འདས་ཟིན་པ་དང་བསྟུན་ལས་འགན་ཡང་ཕྱེད་ཀ་ཙམ་ལེགས་གྲུབ་བྱུང་བ་མ་ཟད། བོད་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད”ཅེས་ལུའུ་ཧྲི་ཁྲེང་གིས་བཤད།
         ཤེས་རྟོགས་བྱུར་བར་གཞིགས་ན། བོད་ཀྱིས་གཞི་རྩའི་སློབ་གཉེར་ཚད་གཞི་དང་བསྡུར་ནས“གང་ཞིག་མི་འདང་བ་དེ་གསབ་པའི”རྩ་དོན་གཞིར་བཟུང་ལོ་ལྔའི་ནང་(2014ནས་2018ལོ་བར་)མ་དངུལ་སྒོར་དུང་ཕྱུར་67.16བཏང་སྟེ་སློབ་གྲྭའི་ཉལ་ཁང་སྨི་ངོས་གྲུ་ཁྲི་156.4བསྐྲུན་རྒྱུ་དང་། གློག་ཀླད་23426དང་། སྒྲོག་ཙེ་རྐུབ་སྟེགས་ཆ་ཚང་ཁྲི་15.9 སློབ་མའི་ཉལ་ཁྲི་ཁྲི་9.3 དཔེ་དེབ་ཁྲི་270.3 ཚོད་ལྟའི་སྒྲིག་ཆས་ཁྲི་11.9བཅས་ཉོ་རྒྱུའི་འཆར་གཞི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།