འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ས་ཡོམ་རིམ་པ་6.2བྱུང་ཞིང་། ཡོམ་ཚོར་ཧ་ཅང་
    ཆེ་བས་མང་ཚོགས་སྡོད་ཁང་ཕྱིར་འཕྲོ་ལུས་ས་ཡོམ་གཡོལ་བཞིན་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ས་ཡོམ་རིམ་པ་6.2བྱུང་ཞིང་། ཡོམ་ཚོར་ཧ་ཅང་
ཆེ་བས་མང་ཚོགས་སྡོད་ཁང་ཕྱིར་འཕྲོ་ལུས་ས་ཡོམ་གཡོལ་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་རྟོག་དཔྱོད་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་བྱས་པར་གཞིགས་ན། པེ་ཅིང་གི་དུས་ཚོད་2016ལོའི་ཟླ་10ཚེས་17ཉིན་གྱི་ཆུ་ཚོད15དང་སྐར་མ་14ཐོག མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་(འཕྲེད་ཐིག་བྱང་མ་ཏུའུ་32.8དང་གཞུང་ཐིག་ཤར་མ་ཏུའུ་94.9མཚམས་སུ་)དུ་ས་ཡོམ་རིམ་པ་6.2བྱུང་བ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་9ཡོད་པ་རེད། གསར་འགོད་པས་རྫ་སྟོད་རྫོང་སྤྱི་བདེ་མེ་སྐྱོན་འགོག་གསོད་རུ་ཁག་ནས་ཤེས་རྟོགས་བྱུང་གསལ། ས་ཡོམ་མ་བྱུང་གོང་ལ་རུ་ཁག་དེའི་དཔོན་དམག་ཚོ་གཞུང་ལས་ཐོག་བརྩེགས་ཁང་དུ་ཡོད་ཅིང་། གློ་བུར་དུ་ཡོམ་ཚོར་ཆེན་པོ་བྱུང་བས་ས་ཡོམ་བྱུང་བ་སྙམ་སྟེ་མགྱོགས་མྱུར་ཁང་པའི་ཕྱིར་བྲོས་ཕྱིན་པ་རེད། གསར་འགོད་པས་རྫ་སྟོད་རྫོང་ནས་མིག་སྔའི་བར་དུ་མི་སྣ་ཤི་རྨས་བྱུང་བ་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་པ་སོགས་ཀྱི་སྙན་ཞུ་འབྱོར་མེད་པ་ར་སྤྲོད་བྱས་པ་དང་། རྫོང་མཁར་གྱི་མང་ཚོགས་ཁ་ཤས་སྡོད་ཁང་ཕྱི་རོལ་དུ་འཕྲོ་ལུས་ས་ཡོམ་གཡོལ་བཞིན་ཡོད་པ་རེད།
    【1】  【2】  【3】
    ༄༅།།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ས་ཡོམ་རིམ་པ་6.2བྱུང་ཞིང་། ཡོམ་ཚོར་ཧ་ཅང་
ཆེ་བས་མང་ཚོགས་སྡོད་ཁང་ཕྱིར་འཕྲོ་ལུས་ས་ཡོམ་གཡོལ་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།