འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་ཁོངས་སུ་ས་ཡོམ་རིམ་པ་6.2བྱུང་ནས་བོད་ལྗོངས་ལ་ཤུགས་རྐྱེན་
    ཐེབས་ནའང་མིག་སྔའི་བར་གནས་སྐབས་སུ་མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་འབྱོར་མེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན་གྱི་ཆུ་ཚོད་15དང་སྐར་མ་14སྟེང་དུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་ས་ཡོམ་རིམ་པ་6.2བྱུང་བ་དེ་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་མཚམས་ས་ཁུལ་ལ་ཤུགས་རྐྱེན་ཐེབས་པ་དང་། ཤང་དང་གྲོང་རྡལ་མང་པོ་ཞིག་ཏུ་ཡོམ་ཚོར་ཆེན་པོ་བྱུང་རུང་། མིག་སྔའི་བར་གནས་སྐབས་སུ་མི་སྣ་ཤི་རྨས་བྱུང་ཚུལ་གྱི་སྙན་ཞུ་འབྱོར་མེད་པ་རེད།
         བོད་རང་སྐྱོང་ལྗོངས་ས་ཡོམ་ཅུས་འཕྲལ་སྡོམ་ཁང་གིས་གནས་ཚུལ་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་དུ་ས་ཡོམ་རིམ་པ་6.2བྱུང་སའི་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་མཐའ་མཚམས་ཀྱི་ཐག་ཉེ་ཤོས་ཤང་དང་གྲོང་རྡལ་གྱི་བར་སྤྱི་ལེ་30ཡོད་ཅིང་། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་སྦྲ་ཆེན་རྫོང་གྱི་རྫོང་མཁར་དང་སྒོམ་རི་ཤང་དུ་ཡོམ་ཚོར་མངོན་གསལ་བྱུང་ཡོད་པ་རེད།
         སྦྲ་ཆེན་རྫོང་སྒོམ་རི་ཤང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ས་ཡོམ་བྱུང་སྐབས་ཡོམ་ཚོར་ཅུང་ཆེན་པོ་བྱུང་ཡོད་པ་དང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་འཕྲལ་སྡོམ་གཞུང་ལས་ཁང་གི་ལས་སྒྲུབ་མི་སྣས་གསར་འགོད་པར་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་དམུ་ཐ་ཤང་དང་འབོ་ཐ་ཤང་དུ་ཡོམ་ཚོར་མངོན་གསལ་བྱུང་ཡོད་ཅིང་། རྫོང་སྲིད་གཞུང་གིས་ལས་དོན་ཚོ་ཆུང་ཡུལ་དངོས་སུ་གནོད་སྐྱོན་ཐེབས་ཚུལ་ཞིབ་དཔྱད་བསྡུར་བཤེར་བྱེད་པར་མངགས་ཡོད་ཅེས་བཤད་པ་རེད།
         མིག་སྔར་སྦྲ་ཆེན་རྫོང་དང་སྟེང་ཆེན་རྫོང་དུ་གནས་སྐབས་སུ་མི་སྣ་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་ལ་འབྲེལ་ཡོད་ལས་སྒྲུབ་མི་སྣས་གནོད་སྐྱོན་ཐེབས་ཚུལ་ཞིབ་དཔྱད་བསྡུར་བཤེར་སྔར་ལས་ལྷག་པར་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།