འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བརྩམས་ཆོས་10རྒྱལ་ཡོངས་ཕུལ་བྱུང་རང་བཟོས་སློབ་ཆས་འགྲེམས་སྟོན་
    དཔྱད་བསྡུར་ལ་ཚུད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། སློབ་གསོ་པུའུ་སློབ་གསོའི་སྒྲིག་ཆས་ཞིབ་འཇུག་དང་འཕེལ་རྒྱས་ལྟེ་གནས་ཀྱིས་གཉེར་བའི་རྒྱལ་ཡོངས་སྐབས་དགུ་པའི་ཕུལ་བྱུང་རང་བཟོས་སློབ་ཆས་འགྲེམས་སྟོན་དཔྱད་བསྡུར་བྱེད་སྒོ་(ཤར་ཕྱོགས་སློབ་ཆས་བུམ་པ)མཇུག་འགྲིལ་བ་རེད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། བོད་ཀྱིས་འོས་སྦྱོར་བྱས་པའི་《རླུང་ཆགས་ཚུལ་གསལ་སྟོན་ཡོ་ཆས་》དང་《List(food)》སོགས་དགེ་རྒན་གྱི་བརྩམས་ཆོས་8དང་དེ་བཞིན། 《སའི་གོ་ལའི་དཔེ་དབྱིབས་》དང་། 《ས་རྒྱུའི་ཆུ་སིམ་རང་བཞིན་དང་ཆུ་འཛིན་རང་བཞིན་གསལ་སྟོན་ཚོད་ཆས་》བཅས་སློབ་མའི་བརྩམས་ཆོས་2རྒྱལ་ཡོངས་ཀྱི་ཕུལ་བྱུང་རང་བཟོས་སློབ་ཆས་འགྲེམས་སྟོན་དཔྱད་བསྡུར་ལ་ཚུད་ཅིང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ལ“རྒྱལ་ཡོངས་སྐབས་དགུ་པའི་ཕུལ་བྱུང་རང་བཟོས་སློབ་ཆས་སྒྲིག་འཛུགས་བྱ་དགའ”ཐོབ་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་དཔྱད་འདེམས་བརྩམས་ཆོས་ནི་དགེ་རྒན་གྱི་བརྩམས་ཆོས་དང་སློབ་མའི་བརྩམས་ཆོས་གཉིས་སུ་ཕྱེ་བ་དང་། སློབ་མཚམས་དང་རིག་ཚན་གྱི་ཐད་ནས་སློབ་ཆུང་གི་བརྩམས་ཆོས་དང་སློབ་འབྲིང་གི་བརྩམས་ཆོས་གཉིས་སུ་ཕྱེ་བ་རེད། དེ་དག་ལས་སློབ་ཆུང་གི་བརྩམས་ཆོས་རིག་ཚན་7དང་སློབ་འབྲིང་གི་བརྩམས་ཆོས་རིག་ཚན་12ལ་ཁྱབ་ཅིང་། བརྩམས་ཆོས་གཞན་དག་ཁྲོད་དུ་དམིགས་བསལ་སློབ་གསོ་དང་། ཕྱི་རྒྱལ་གྱི་སྐད་ཡིག ཀུན་སྤྱོད་སྒྲིག་ཆས་སོགས་ཡོད། ཞིང་ཆེན་(གྲོང་ཁྱེར)31གི་སློབ་གྲྭ་ཆུང་འབྲིང་གི་བརྩམས་ཆོས་614རྒྱལ་ཡོངས་ཀྱི་ཕུལ་བྱུང་བརྩམས་ཆོས་ནང་དུ་ཚུད་པར་དགེ་རྒན་68ལ་རྒྱལ་ཡོངས་ཕུལ་བྱུང་སློབ་ཆས་བཟོ་མཁས་ཀྱི་མཚན་སྙན་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།