འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་གྱི་མཐོ་རིམ་དཔོན་རིགས་ཀྱིས“དོམ་ཁྲའི་ཁྲག”ཅེས་པ་སྦྱིན་པ་གཏོང་མཁན་གྱི་
    ཀྲུང་གོའི་ཡུལ་སྐོར་སྣེ་ཤན་པར་བསྔགས་བརྗོད་ཆེན་པོ་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐེ་ལན་གྱི་མཐོ་རིམ་དཔོན་རིགས་ཀྱིས“དོམ་ཁྲའི་ཁྲག”ཅེས་པ་སྦྱིན་པ་གཏོང་མཁན་གྱི་
ཀྲུང་གོའི་ཡུལ་སྐོར་སྣེ་ཤན་པར་བསྔགས་བརྗོད་ཆེན་པོ་གནང་བ།
         མིདམངས་དྲ་བའི་འཕྲིན། ཟླ་9ཚེས་22ཉིན་དབྱང་ལི་ཡིས་སྐད་འཕྲིན་གྱི་གྲོགས་ཚོགས་ནས་ཀྲུང་གོའི་སི་ཁྲོན་ནས་ཡིན་པའི་ཡུལ་སྐོར་བ་ཞིག་ཐེ་ལན་གྱི་ཕུའུ་ཅི་གླིང་ཕྲན་དུ་རྨས་སྐྱོན་ཕོག་སྟེ་ཤིན་ཏུ་དཀོན་པའི་མོ་གཤིས་ཁྲག་རིགས་Rhམཁོ་ཤིན་ཏུ་ཆེ་བ་ཤེས་རྟོགས་བྱུང་བ་རེད། ཀྲུང་གོར་མོ་གཤིས་ཁྲག་རིགས་Rhལྡན་པས་མི་འབོར་བསྡོམས་གྲངས་ཀྱི་སྟོང་ཆ་གསུམ་ཁོ་ན་ལས་ཟིན་གྱི་མེད་པར་བརྟེན"དོམ་ཁྲའི་ཁྲག"ཅེས་འབོད་ཀྱི་ཡོད། ཁྲག་རིགས་དེ་རང་ལྡན་པའི་དབྱང་ལིས་རྨས་སྐྱོན་ཕོག་པའི་ཡུལ་སྐོར་བ་དེའི་རུ་སྣེ་ཁྲིད་མཁན་དང་འཕྲལ་མར་འབྲེལ་བ་བྱས་ཤིང་། ཟླ་9ཚེས་24ཉིན་གྱི་ཕྱི་དྲོ་དབྱང་ལིས་རྨས་སྐྱོན་ཕོག་པའི་ཡུལ་སྐོར་བར་ཁྲག་ཧའོ་ཧྲེང་450སྦྱིན་པ་བཏང་བ་རེད། ཐེ་ལན་ཡུལ་སྐོར་དང་ལུས་རྩལ་པུའི་པུའུ་ཀྲང་ཁོ་ཀན་གྱིས་ཐེ་ལན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ནས་དབྱང་ལིས་ཁྲག་སྦྱིན་པ་བཏང་བའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་སེམས་འགུལ་ཚད་མེད་ཐེབས་པ་རེད། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་7པ་ཡོལ་ཙམ་ལ་ཚོགས་འདུ་གྲོལ་མ་ཐག་པའི་ཁོ་ཀན་གྱིས་དབྱང་ལི་སྡོད་སའི་མགྲོན་ཁང་དུ་ཁོ་མོར་ཆེད་མངགས་གཟིགས་པར་ཕེབས་པ་དང་སྦྲགས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།
         འདི་ནི་ཟླ་10ཚེས5ཉིན་ཐེ་ལེན་པང་ཁོག་ཏུ་ཐེ་ལེན་ཡུལ་སྐོར་དང་ལུས་རྩལ་པུའི་པུའུ་ཀྲང་ཁོ་ཀན(གཡས)གྱིས་ཐེ་ལན་ཕུའུ་ཅི་རུ་ཀྲུང་གོའི་རྨས་སྐྱོན་ཕོག་པའི་ཡུལ་སྐོར་བར“དོམ་ཁྲའི་ཁྲག”ཅེས་པ་སྦྱིན་པ་གཏོང་མཁན་ནན་ཅིང་གི་ཡུལ་སྐོར་སྣེ་ཤན་པ་དབྱང་ལིར་དྲན་རྟེན་དངོས་རྫས་གནང་བའི་གནས་ཚུལ་ཡིན་པ།

      

    ཕྱོགས་བསྡུས་གསར་འགྱུར།