འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཕན་སྒྲིག་གཞི་བཅུས་མཉམ་འབྲེལ་ཐོག་
    བྱིས་པ་བུ་མོར་གཅེས་སྐྱོང་བྱ་རྒྱུའི་གྲོས་འགོ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་11ཉིན་ནི“རྒྱལ་སྤྱིའི་བྱིས་པ་བུ་མོའི་ཉིན་མོ”ཡིན་པ་རེད། ཚེས་10ཉིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་དུ“བྱིས་པ་བུ་མོ་དང་རྒྱུན་མཐུད་འཕེལ་རྒྱས”ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་ཏེ་སྤྱི་ཕན་སྒྲིག་གཞི་དང་མཉམ་འབྲེལ་ཐོག་སྤྱི་ཚོགས་ཡོངས་སུ་བྱིས་པ་བུ་མོར་གཅེས་སྐྱོང་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲེན་གཡོད་གཡོད་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཧྲེན་གཡོད་གཡོད་ཀྱིས་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་ལས་ཀའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཁར། བཅའ་ཁྲིམས་དང་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། བྱིས་པ་བུ་མོའི་ཁྲིམས་མཐུན་ཁེ་དབང་ལ་སྔར་བས་སྲུང་སྐྱོང་བྱེད་པ། ཁྱིམ་ཚང་གི་རྒྱབ་སྐྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ། བྱིས་པ་བུ་མོའི་སྤྱི་ཕན་བྱ་གཞག་ལ་སྔར་བས་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་རྒྱག་པ། བྱིས་པ་བུ་མོའི་ད་ལྟའི་འཚར་ལོངས་གནས་བབ་ལ་ཞིབ་འཇུག་བྱ་རྒྱུར་སྔར་བས་མཐོང་ཆེན་བཅས་བྱས་ཏེ་བྱིས་པ་བུ་མོ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འབད་བརྩོན་ཧུར་ཐག་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         བགྲོ་གླེང་ཚོགས་འདུའི་ཐོག རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོ་ལོ་ཆུང་བྱིས་པ་ཐེབས་རྩ་ལྷན་ཚོགས་སོགས་སྤྱི་ཕན་སྒྲིག་གཞི་10དང་མཉམ་འབྲེལ་བྱས་ཏེ་ཕོ་མོ་འདྲ་མཉམ་སོགས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཏོད་པ་དང་། གཉེན་ཉེ་འཆམ་མཐུན་གྱི་ཁྱིམ་ཚང་གི་ཁོར་ཡུག་བཏོད་པ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བྱིས་པ་བུ་མོ་སློབ་ཞུགས་སོགས་ཕྱོགས་ལྔའི་ཐད་ནས“བྱིས་པ་བུ་མོ་དང་རྒྱུན་མཐུད་འཕེལ་རྒྱས”ཀྱི་གྲོས་འགོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།