འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་གནད་དོན་ཐད་མུ་མཐུད་
    ཕྱོགས་ཁག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་
    ཡོད་ལུགས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ནས་གནམ་གཤིས་འགྱུར་ལྡོག་ཐད་ཀྱི《ཕ་རི་སིའི་གྲོས་ཆིངས་》དང་《གྲོས་ཆོད་》བཞག་རྒྱུར་སྐུལ་འདེད་བཏང་ནས་སྔ་ཙམ་གོ་ཆོད་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་གནད་དོན་ཐད་མུ་མཐུད་ཕྱོགས་ཁག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ལུགས་བསྟན་ཡོད།
         ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས། གནས་ཚུལ་སྤེལ་བར་གཞིགས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་ཉེ་ཆར་གསལ་བསྒྲགས་སྤེལ་ནས། 《ཕ་རི་སིའི་གྲོས་ཆིངས་》དེ་ཟླ་11ཚེས་4ཉིན་དངོས་སུ་གོ་ཆོད་རྒྱུ་ཡིན་ལུགས་བཤད་པར། ཨ་རིའི་ཙུང་ཐུང་ཨོ་པ་མས་གཏམ་བཤད་སྤེལ་ནས་གྲོས་མཐུན་གོ་ཆོད་པ་དེ་ནི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཡིན་པས་དེ་ནི་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁ་ལོ་འགྱུར་མཚམས་ཤིག་རེད་ཅེས་བཤད་པར་དེར་ཀྲུང་གོ་ཕྱོགས་ནས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
         ཀེང་ཧྲོང་གིས་《ཕ་རི་སིའི་གྲོས་ཆིངས་》བཞག་ནས་ལོ་གཅིག་མ་སོང་གོང་ནས་གོ་ཆོད་རྒྱུ་ཡིན་པ་དེ་ནི་ལོ་རྒྱུས་ཐོག་གོ་ཆོད་མགྱོགས་ཤོས་ཀྱི་རྒྱལ་སྤྱིའི་ཆིངས་ཡིག་གི་གྲས་ཤིག་རེད། 《ཕ་རི་སིའི་གྲོས་ཆིངས་》གོ་ཆོད་པ་དེ་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ཕྱོགས་མང་འཕེལ་རིམ་གྱི་འགོ་འཛུགས་ས་གསར་པ་ཞིག་ཡིན་པ་དང་། གོ་ལ་ཧྲིལ་པོ་ལྗང་མདོག་དང་ཐཱན་ཉུང་གི་འཕེལ་རྒྱས་ཁྲོད་སླེབས་རྒྱུར་ཁྲིད་སྟོན་བྱེད་པའི་དུས་མཚམས་གསར་པར་སླེབས་པ་བྱ་རྒྱུ་ཡིན་པ་དང་དུས་མཚུངས། 《ཕ་རི་སིའི་གྲོས་ཆིངས་》བཞག་པ་དང་གོ་ཆོད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་གོ་ལ་ཧྲིལ་པོའི་འགྲན་རྩོད་ལ་ཁ་གཏད་གཅོག་པའི་དཔེ་སྟོན་ཞིག་ཡིན་ལ། ཁྱབ་ཁོངས་གཞན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པ་ཞིག་ཀྱང་ཡིན་ཞེས་བཤད།
         ཀེང་ཧྲོང་གིས་ཀྲུང་གོ་ཉིད་འགན་འཁྲི་འཁུར་མཁན་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་བྱ་སྤྱོད་དངོས་སྤེལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དང་རྒྱལ་སྤྱིའི་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་《ཕ་རི་སིའི་གྲོས་ཆིངས་》དང་《གྲོས་ཆོད་》བཞག་པ་སྔ་ཙམ་གོ་ཆོད་རྒྱུར་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན། ཡུན་རིང་མ་སོང་གོང་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཙུང་ཐུང་ཨའོ་པ་མས་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་ལ་《ཕ་རི་སིའི་གྲོས་ཆིངས་》ལ་ཞུགས་པའི་ཆོག་འཐུས་ཡི་གེ་སྤྲད་པ་དེས་གྲོས་ཆོད་སྔ་ཙམ་ལག་བསྟར་བྱ་རྒྱུར་རྨང་གཞི་གལ་ཆེན་བཏིང་ཡོད་ལུགས་བཤད་པ་རེད།
         ཀེང་ཧྲོང་གིས"ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་གནད་དོན་ཐད་མུ་མཐུད་ཕྱོགས་ཁག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་《ཕ་རི་སིའི་གྲོས་ཆིངས་》ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོས་མཐུན་གྱི་རྗེས་མཐུད་གྲོས་མོལ་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོ་ལྗང་མདོག་དང་། ཐཱན་ཉུང་། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ལུགས་བསྟན་ཡོད།"ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།