འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་ཞི་ཁོའི་རིགས་གཅིག་མཁས་ཅན་གྱིས་མོ་ཞི་ཁོས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་ཏེ་
    དཔལ་འབྱོར་འཕར་ཚད་འགོར་བར་ཁ་གཏད་གཅོག་
    དགོས་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱིས་ཉེ་དུས་མོ་ཞི་ཁོའི་འདི་ལོ་དང་སང་ལོའི་དཔལ་འབྱོར་འཕར་ཚད་འགོར་དུ་འགྲོ་རྒྱུའི་སྔོན་དཔག་བྱས་ཤིང་། ཉིན་ཤས་གོང་མོ་ཞི་ཁོའི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་རང་བྱུང་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བྱས་མེད་པ་དང་བཟོ་ལས་འཕར་བའི་སྲིད་ཇུས་ཉུང་དྲགས་པས་མོ་ཞི་ཁོའི་འདི་ལོའི་དཔལ་འབྱོར་འཕར་ཚད་སྔར་བཞིན་འགོར་བར་བརྟེན་རྒྱལ་ཁབ་དེས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་དགོས་ཞེས་བཤད་པ་རེད།
         མོ་ཞི་ཁོ་ལ་ས་ཡེ་སློབ་ཆེན་གྱི་དངུལ་རྩ་རིག་པའི་རིགས་གཅིག་མཁས་ཅན་ལུའོ་མའེ་ལི·མོ་ལ་ལའེ་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་སོགས་ཨེ་ཤེ་ཡ་རྒྱལ་ཁབ་འཆར་འགོད་བྱེད་མཁས་པས་དཔལ་འབྱོར་ལ་སྐུལ་འདེད་གཏོང་སྐབས་གཏན་འཁེལ་བྱས་པའི་ལམ་བུའི་ཐོག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཡོད། འོན་ཀྱང་མོ་ཞི་ཁོར་དམིགས་ཚད་ཁ་གསལ་མེད་ལ་དམིགས་ཚད་དེ་དག་མངོན་འགྱུར་བྱེད་སྟངས་ཞན་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་ཚ་རླབས་ཁྲོད་གཞན་དབང་གིས་ལེགས་སྒྲིག་བྱས་པ་ཙམ་ལས་མ་འདས་ཞེས་བཤད་པ་རེད།
         མོལ་ལའེ་སིས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་འཕར་བ་དེ་ཀྲུང་གོས་ནོར་སྲིད་དང་དངུལ་ལོར་སྲིད་ཇུས་བབ་བསྟུན་ངང་སྤྱོད་ཤེས་པ་ལས་བྱུང་བ་དང་དེས་ཀྲུང་གོའི་དཔལ་འབྱོར་ལ་མ་དངུལ་འབོར་ཆེན་བྱུང་ནས་འཕར་ཚད་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་ཐུབ་ཡོད་ཅེས་བཤད་པ་རེད།
         ཁོང་གིས་མོ་ཞི་ཁོས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་ཏེ་འགྱུར་ལྡོག་མང་པོ་འགྲོ་བཞིན་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་མ་ལག་དང་འཚམ་པ་བྱེད་པ་དང་ཇི་ལྟར་བྱས་ནས་ཀྲུང་གོ་ལྟར་གོ་སྐབས་དམ་འཛིན་བྱེད་དགོས་མིན་ལ་བསམ་གཞིག་བྱས་ཏེ་ཁྲོམ་རའི་ནང་སྔར་ལས་ལེགས་པའི་སྒོ་ནས་ཞུགས་དགོས་ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།