འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་བྷང་ག་ལ་རྒྱལ་ཁབ་དང་ཨ་སྒོར་དུང་ཕྱུར་21ཟིན་པའི་འགྲོ་ལམ་
    རྒྱས་སྐྲུན་གྱི་གན་རྒྱ་བཞག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  ཚེས་9ཉིན་ཀྲུང་གོ་མཚོ་ཁུག་བཟོ་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིས་བྷང་ག་ལའི་རྒྱལ་ས་ཏ་ཁར་དུ་བྷང་ག་ལ་སྲིད་གཞུང་དང་ཏ་ཁ་ནས་ཤི་ལའེ་ཐེ་དབར་གྱི་འགྲོ་ལམ་རྒྱ་བསྐྱེད་རྣམ་གྲངས་སྒྲོམ་གཞིའི་གན་རྒྱ་བཞག་པ་དེའི་གན་འཇོག་མ་དངུལ་ཨ་སྒོར་དུང་ཕྱུར་21ཟིན་གྱི་ཡོད་པ་རེད། བྷང་ག་ལའི་འགྲོ་ལམ་འགྲིམ་འགྲུལ་དང་ཟམ་པ་བཟོ་སྐྲུན་པུའི་པུའུ་ཀྲང་ཁ་ཏེའར་དང་། ཀྲུང་གོ་མཚོ་ཁུག་བཟོ་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཐང་ཆའོ་ལེང་། དེ་བཞིན་བྷང་ག་ལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འཐུས་མི་བཅས་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་རེད།
         རྣམ་གྲངས་དེ་ལག་བསྟར་བྱས་རྗེས་ཏ་ཁ་ནས་ཤིའར་ཧེ་ཐེ་བར་གྱི་འགྲོ་ལམ་སྐྱེལ་འདྲེན་ནུས་པ་ཆེ་རུ་ནུས་ལྡན་སོང་སྟེ་མིག་སྔའི་འགྲིམ་འགྲུལ་འགག་པའི་གནས་ཚུལ་ཞི་ལྷོད་དུ་འགྲོ་རྒྱུ་དང་། ལམ་རྒྱུད་ས་ཁུལ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་རྒྱུ། བྷང་ག་ལ་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་སྐུལ་མ་ཐེབས་རྒྱུ་རེད། དེ་དང་ཆབས་ཅིག་ས་ཁོངས་སྦྲེལ་མཐུད་བྱ་རྒྱུ་དང་། ཕན་ཚུན་ཤར་གཏོང་ཐུབ་པ་བྱ་རྒྱུ། ས་ཁོངས་ཀྱི་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་འགྲོ་ལམ་དེ་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།