འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་གཡག་ཐོན་ལས་གཞི་གཅིག་ཅན་གྱིས་མཚོ་བོད་ས་མཐོའི་ཕན་ཆེའི་འབྲོག་ལས་ལམ་བུ་
    གཏོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འབྲི་གཡག་ལོ་རེར་སྐྱེ་འཕེལ་བྱེད་ཚད་37%ཡན་མཐོ་རུ་ཕྱིན་ནས་འབྲོག་པའི་ཡོང་འབབ་ཇེ་མཐོར་ཕྱིན་པ་དང་། རྩྭ་སྣོན་ཆུ་སྣོན་འོས་འཚམ་བྱས་ནས་རང་བྱུང་རྩྭ་ར་བེད་སྤྱོད་དང་ལས་ཕྱོད་ཆེ་རུ་བཏང་སྟེ་འབྲེལ་ཡོད་ལག་རྩལ་དག་2016ལོར་ཞིང་ལས་པུས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བའི་ལག་རྩལ་གྱི་མིང་གཞུང་ནང་ཚུད་པ། ཚགས་ཤ་དང་དཀར་ཆུའི་འཚོ་བཅུད་ལ་དམིགས་བསལ་གྱིས་ཞིབ་འཇུག་བྱེད་པའི་ཁྲོད་ཐོན་རྫས་གསར་པ་རྒྱུན་ཆད་མེད་པར་ཁྱབ་གདལ་དུ་བཏང་ནས་ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་རིང་དུ་ཕྱིན་པ་ལ་སོགས་རེད།
         ཚེས་7ཉིན། གསར་འགོད་པས་མཚོ་སྔོན་ས་མཐོའི་འབྲི་གཡག་ཞིབ་འཇུག་གསར་སྤེལ་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཡུན་ལོ་13རིང་ལག་རྩལ་གྱི་འགག་གནད་སྒྲོལ་ཐབས་བྱས་པ་བརྒྱུད། རང་རྒྱལ་གྱི་འབྲི་གཡག་ཐོན་ཁུལ་ཞིག་ཡིན་པའི་མཚོ་སྔོན་ཞིང་ཆེན་འདི་ཉིད“རང་བྱུང་སྤང་ཁ་དང་སྤང་རྩྭ་འདེབས་གསོ་གསབ་རེས་བྱས་ཏེ། འབྲི་གཡག་སྐྱེ་འཕེལ་དང་། འཚོ་བཅུད་རྩྭ་སྣོན་ཆུ་སྣོན། རིམས་ནད་སྔོན་འགོག ཐོན་ལས་ལས་སྣོན། ཆ་འཕྲིན་ཅན་གྱི་ལག་རྩལ་ལ་རོགས་སྐྱོར”བཅས་ཀྱི་འབྲི་གཡག་ཐོན་ལས་གཞི་གཅིག་ཅན་དུ་འདུས་པའི་ལག་རྩལ་ཞིག་ཆགས་ནས། བརྒྱུད་རིམ་ཧྲིལ་པོར་ཞིབ་ཚགས་ལ་ཕན་ཆེ་བའི་ཚན་རིག་དང་མཐུན་པའི་ཐོན་སྐྱེད་བྱེད་སྟངས་ཀྱིས་སྲོལ་རྒྱུན་གྱི་གསོ་ཚགས་བྱེད་པའི་འཇུར་མིག་མེད་པ་བཟོས་ནས་འབྲོག་པ་ཚོར་འབབ་འཕར་ཡོང་རོགས་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།