འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བཟོས་པའི་འཕུལ་མདེལ་མཐའ་སྐྲོད་གཏོང་བྱེད་དམག་གྲུ་རབས་དང་པོ་
    "ནན་ཁྲང་རྟགས་ཅན་གྱི་དམག་གྲུ་"དམག་ཁོངས་ནས་ཕྱིར་འཐེན་བྱས་རྗེས་
    ནན་ཁྲང་གྲོང་ཁྱེར་གྱི་ཆུ་ཁོངས་སུ་བཞག་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རང་རྒྱལ་གྱིས་བཟོས་པའི་འཕུལ་མདེལ་མཐའ་སྐྲོད་གཏོང་བྱེད་དམག་གྲུ་རབས་དང་པོ་
'ནན་ཁྲང་རྟགས་ཅན་གྱི་དམག་གྲུ་'དམག་ཁོངས་ནས་ཕྱིར་འཐེན་བྱས་རྗེས་
ནན་ཁྲང་གྲོང་ཁྱེར་གྱི་ཆུ་ཁོངས་སུ་བཞག་པ།
         མི་དམངས་དྲ་བའི་འཕྲིན།  ཟླ་10ཚེས་10ཉིན། ཟླ་བ་1ལྷག་རིང་ཆུའི་ཐོག་བསྐྱོད་མཐར། དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་རང་རྒྱལ་གྱིས་བཟོས་པའི་འཕུལ་མདེལ་མཐའ་སྐྲོད་གཏོང་བྱེད་དམག་གྲུ་རབས་དང་པོ་"ནན་ཁྲང་རྟགས་ཅན་གྱི་དམག་གྲུ"ཀྲུང་གོའི་དམག་དཔུང་དབུ་བརྙེས་ས་དང་"དཔའ་བོའི་གྲོངཁྱེར་"ཞེས་པའི་མིང་དུ་གྲགས་པའི་ནན་ཁྲང་དུ་འབྱོར་བ་རེད། ད་ལོ་ཟླ9ཚེས་8ཉིན་དམག་ཞབས་ལོ་ངོ34ཞུས་པའི་ནན་ཁྲང་རྟགས་ཅན་གྱི་དམག་གྲུ་གཟི་བརྗིད་ལྡན་པའི་ངང་དམག་ཁོངས་ནས་ཕྱིར་འཐེན་གནང་སྟེ་ནན་ཁྲང་གྲོང་ཁྱེར་ལ་དངོས་སུ་སྤྲད་པ་རེད། ཐེངས་འདིའི་འགྲུལ་སྐྱོད་ལ་སྔ་རྗེས་སུ་ལིའོ་ཉིང་དང་། ཧྲན་ཏུང་། ཧྲང་ཧའེ། ཅང་སུའུ། ཨན་ཧུའེ། ཅང་ཞི་སོགས་ཞིང་ཆེན་དང་གྲོང་ཁྱེར་6ལ་བརྒྱུད་པ་དང་། གྲུ་ལམ་དུ་པོ་ཧའེ་རྒྱ་མཚོ་དང་། རྒྱ་མཚོ་སེར་པོ། རྒྱ་མཚོ་ཤར་མ། འབྲི་ཆུ། ཀན་ཅང་གཙང་པོ་སོགས་ཀྱི་ཆུ་ཁོངས་བརྒྱུད་ཅིང་། དེ་ལས་མཚོ་ཐོག་གི་གྲུ་ལམ་ལམ་ཐག་ཧ་ལམ་སྤྱི་ལེ་900དང་། ནང་ལོགས་ཆུ་བོའི་གྲུ་ལམ་ལམ་ཐག་ཧ་ལམ་སྤྱི་ལེ་990ཟིན་ཞིང་། སྤྱིའི་གྲུ་ལམ་ལམ་ཐག་ཧ་ལམ་སྤྱི་ལེ་1890ཟིན་པ་དང་།  མཐའ་མཇུག་ཏུ་ནན་ཁྲང་གྲོང་ཁྱེར་རྒྱ་བྱ་གླིང་གྲོང་མིའི་སྤྱི་གླིང་གི་ཀན་ཅང་གཙང་པོའི་ཆུ་ཁོངས་སུ་བཞག་པ་རེད། 
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།རང་རྒྱལ་གྱིས་བཟོས་པའི་འཕུལ་མདེལ་མཐའ་སྐྲོད་གཏོང་བྱེད་དམག་གྲུ་རབས་དང་པོ་
'ནན་ཁྲང་རྟགས་ཅན་གྱི་དམག་གྲུ་'དམག་ཁོངས་ནས་ཕྱིར་འཐེན་བྱས་རྗེས་
ནན་ཁྲང་གྲོང་ཁྱེར་གྱི་ཆུ་ཁོངས་སུ་བཞག་པ།
      

    ཕྱོགས་བསྡུས་གསར་འགྱུར།