འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཆི་ལིའི་གསར་གཏོད་གོ་ལ་ཧྲིལ་པོའི་ཨང་ཞེ་བཞི་པར་སླེབས་ནས་ལ་ཏིང་མེ་གླིང་གི་སྣེ་འཁྲིད་པ།

    པར་ཙིར་དུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། སུའོ་ཧུང་དབྱིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ཉེ་ཆར། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་པའི་《2016ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་སྙན་ཞུ་》ཡི་ནང་དཔལ་འབྱོར་སྒྲིག་གཞིར་སྐར་མ་བརྒྱབ་པ་དང་བང་རིམ་བསྒྲིགས་པས། ལམ་ལུགས་དང་། རྨང་གཞིའི་སྒྲིག་བཀོད། ཚོང་ལས་འཐུས་སྒོ་ཚང་པོ་བཅས་ཀྱི་ལེགས་ཆའི་ཐོག་ནས་ཆི་ལི་གོ་ལ་ཧྲིལ་པོའི་ཨང་ཞེ་བཞི་པར་སླེབས་པ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་ནས་ཨང་དང་པོ་ཡིན་པ་རེད།
         ཚན་རྩལ་གསར་གཏོད་ཐད་ཁོར་ཡུག་ལྷུག་པོ་དང་ལྕག་སྐུལ་བྱ་ཐབས་ནུས་ལྡན་དགོས་ཀྱི་ཡོད། ཆི་ལིས་ལ་ཏིང་མེ་གླིང་ས་ཁུལ་གྱི་གསར་གཏོད་གཙོ་བོའི་གནས་བབ་བཟུང་ཐུབ་པ་དེ་མ་དངུལ་བསྡུ་སྒྲིལ་དང་། ཁྲལ་བསྡུ། བཅའ་ཁྲིམས། དོ་དམ་སོགས་ཕྱོགས་མང་པོའི་ཐད་ནས་གསར་གཏོད་ཐོན་ལས་ལ་རྒྱབ་སྐྱོར་བྱས་པ་ལས་བྱུང་བ་ཞིག་རེད། དཔེར་ན། སྒེར་གཉེར་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་བྱ་རྒྱུར་ལྕག་སྐུལ་བྱ་ཆེད། ཆི་ལི་སྲིད་གཞུང་གིས་《ཚན་རྩལ་ཞིབ་འཇུག་གསར་སྤེལ་བཅའ་ཁྲིམས་》བཏོན་ནས་སྒེར་གྱི་ཁེ་ལས་ལ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་བཏང་ཡོད་པ་རེད། བཅའ་ཁྲིམས་དེ་ལག་ལེན་བསྟར་རྗེས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་མ་གནས་མང་ཤོས་ལ་35%ཆག་ཡོད་པ་རེད།
         ཆི་ལི་སྲིད་གཞུང་གིས་ལས་གཏོད་ཁོར་ཡུག་སྐྱེད་སྲིད་བྱ་རྒྱུར་སྣང་ཆེན་བྱས་ཏེ་ལས་གཏོད་དང་གསར་གཏོད་ཉིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུའི་བྱ་ཐབས་གལ་ཆེན་གྱི་གྲས་ཤིག་ཏུ་བརྩི་གི་ཡོད། ཐོན་ལས་དང་མི་ཁྱུ་མི་འདྲ་བར་དམིགས་ནས་ཆི་ལི་སྲིད་གཞུང་གིས་རྒྱབ་སྐྱོར་རྣམ་གྲངས་བཅུ་གྲངས་བཏོན་པ་དང་བྱ་ཐབས་སྣ་ཚོགས་སྤྱད་དེ་ལས་གཏོད་གསར་གཏོད་བྱེད་སྒོར་སྐུལ་ལྕག་བཏང་བ་རེད། དེའི་ནང་ཤུགས་རྐྱེན་ཐེབས་ཆེ་ཤོས་ནི་“ཆི་ལིར་སྐུལ་འདེད་གཏོང་”ཞེས་པའི་འཐབ་ཇུས་འཆར་གཞི་དེ་ཡིན་ཞིང་། འཆར་གཞི་དེའི་དམིགས་ཡུལ་ནི་ལས་གཏོད་ཁོར་ཡུག་ལེགས་གཏོང་དང་། གསར་གཏོད་རིག་གནས་ལ་རོགས་སྐྱོར། མ་དངུལ་གྱི་རྒྱབ་སྐྱོར་མཁོ་འདོན་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་འཛམ་གླིང་ས་ཕྱོགས་ཁག་གི་ལས་གཏོད་ཤེས་ལྡན་མི་སྣའི་ཡིད་དབང་བཀུག་ནས་ལ་ཏིང་མེ་གླིང་གི་“ཀུའེ་ཀུའུ་”བསྐྲུན་རྒྱུ་དེ་རེད། དེའི་ནང་བདམས་པའི་རྣམ་གྲངས་མང་ཆེ་བ་ཚན་རྩལ་འདུས་ཚད་མཐོ་བའི་བསམ་བཀོད་ཐོན་ལས་ཡིན་པ་དང་མཐོ་ཤོས་ལ་མ་དངུལ་90%ཡི་རྒྱབ་སྐྱོར་ཐོབ་ཀྱི་ཡོད། འཆར་གཞི་དེ་ལག་ལེན་བསྟར་ཚུན། ལས་གཏོད་ཐོག་མའི་ཁེ་ལས་1000ལྷག་ཙམ་ལ་རྒྱབ་སྐྱོར་བྱས་ཟིན་པ་དེའི་ནང་གི་ཁེ་ལས་གཅིག་གི་ཚོད་དཔག་རིན་ཐང་ཨ་སྒོར་དུང་ཕྱུར་10ཡན་ཟིན་པ་དང་། ཁེ་ལས་4ཡི་ཚོད་དཔག་རིན་ཐང་ཨ་སྒོར་དུང་ཕྱུར་1ཡན་ཟིན་པ། ཁེ་ལས་བཅུ་གྲངས་ལྷག་གི་ཚོད་དཔག་རིན་ཐང་ཨ་སྒོར་ཁྲི་ཚོ་སྟོང་ཟིན་གྱི་ཡོད། བྱ་ཐབས་དེས་ཀྱང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གཞན་དག་ལ་མིག་དཔེ་ཞིག་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།