འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མྱུར་བགྲོད་མེ་འཁོར་བསྡད་ནས་ཡུལ་སྐོར་དུ་བསྐྱོད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 08:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྟོན་སྤྲོ་གསེང་གཟའ་འཁོར་རིང་ཁྲང་ཧྲའི་ལྷོ་འདབས་དང་ཀོང་ཀྲོའུ་ལྷོ་འདབས་སོགས་མྱུར་བགྲོད་མེ་འཁོར་བབས་ཚུགས་ཆེ་གྲས་ཁག་ཏུ་ཡུལ་སྐོར་ཚོགས་པ་རྒྱུན་ཆད་མེད་པ་དང་། “མྱུར་བགྲོད་མེ་འཁོར་བསྡད་ནས་ཡུལ་སྐོར་དུ་བསྐྱོད་པའི”ཚ་རླབས་འཕྱུར་ཞིང་། གསར་འགོད་པར་ཀོང་ཀྲོའུ་ལྕགས་ལམ་ཚོགས་པ་ནས་ཤེས་རྟོགས་བྱུང་གསལ། རྒྱལ་སྟོན་རིང་འགྲུལ་བཞུད་བྱེད་མཁན་ཁྲི་1300ལྷག་ཙམ་ཟིན་པའི་ནང་བརྒྱ་ཆ་དྲུག་ཅུ་ཙམ་ནི་མཛེས་ལྗོངས་ཁུལ་གྱི་གྲོང་ཁྱེར་ཁག་ཏུ་བསྐྱོད་མཁན་གྱི་ཡུལ་སྐོར་བ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་རྒྱལ་སྟོན་རིང་ཁྲང་ཧ་དང་ཧྲའོ་ཧྲན་དུ་ཡུལ་སྐོར་བྱེད་པར་ཡོང་མཁན་ཞིང་ཆེན་གཞན་གྱི་ཡུལ་སྐོར་བས་བརྒྱ་ཆ་དྲུག་བཅུ་ཡན་བཟུང་པ་དེ་མྱུར་བགྲོད་མེ་འཁོར་མེད་སྐབས་འབྱུང་ཐབས་བྲལ་བ་ཞིག་རེད། “འདི་ལོའི་རྒྱལ་སྟོན་དུས་ཆེན་རིང་ཡུལ་སྐོར་ལས་དོན་ཁང་དང་རྒྱ་ཆེའི་ཡུལ་སྐོར་བ་ཚོས་མྱུར་བགྲོད་མེ་འཁོར་སྡོད་རྒྱུར་དགའ་པོ་བྱེད་ཀྱི་ཡོད། རྒྱལ་སྟོན་དུས་ཆེན་རིང་ཡུལ་སྐོར་ལས་དོན་ཁང་30ལྷག་ཙམ་གྱིས་མྱུར་བགྲོད་མེ་འཁོར་གྱི་ཚོགས་པའི་སྤ་སེ་མངགས་ཉོ་བྱས་པ་དེ་ལོ་ཤས་རིང་གི་མང་ཤོས་ཡིན”ཞེས་ཁྲང་ཧའི་ལྷོ་འདབས་བབས་ཚུགས་ཀྱི་འགྲུལ་སྐྱེལ་འཁོར་ཁང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལི་མེ་མིང་གིས་བཤད།
           ཀོང་ཀྲོའུ་ལྕགས་ལམ་ཚོགས་པའི་མེ་འཁོར་སྤ་སེའི་བསྡོམས་རྩིས་མ་ལག་གྲངས་གཞི་ལས་མངོན་པར། སྤྲོ་གསེང་གཟའ་འཁོར་རིང་འགྲུལ་བཞུད་བྱེད་ཚད་ཁྱོན་མི་ཁྲི་1300ལྷག་ཙམ་ཟིན་པའི་ཁྲོད་ཀུན་གྱིས་དོ་སྣང་བྱེད་ཡུལ་གྱི་མཛེས་ལྗོངས་ས་ཚིགས་སུ་ཡོང་མཁན་ཡུལ་སྐོར་བ་སྤྱིའི་འགྲུལ་བཞུད་བྱེད་ཚད་ཀྱི་58%ཟིན་པའི་ནང་པེ་ཅིང་ནས་ཀོང་ཀྲོའུ་བར་དང་། ཧྲང་ཧའེ་ནས་ཁུན་མིང་བར། ཞ་མོན་ནས་ཧྲེན་ཀྲེན་བར། ཧའེ་ཁུའོ་ནས་ཧའེ་ཐང་དབན་བར་སོགས་མྱུར་བགྲོད་མེ་འཁོར་ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་གནས་སའི་མེ་འཁོར་བབས་ཚུགས་སུ་འགྲུལ་བཞུད་བྱེད་ཚད་ཧ་ཅང་མང་བས། མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ཚུན་གྱི་འགྲུལ་བཞུད་བྱེད་ཚད་མང་ཤོས་སུ་གྱུར་ཡོད།
            མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་རྗེས་ལམ་རྒྱུད་ཀྱི་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་གསར་པ་བསྣན་ཁར་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་ཡང་བཏང་ཡོད། ཁྲང་ཧྲ་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་གྲངས་གཞི་ལས་མངོན་པར། འདི་ལོའི་རྒྱལ་སྟོན་དུས་ཆེན་རིང་ཁྲང་ཧྲ་དེ་ཉིད་དམིགས་སའི་གྲོང་ཁྱེར་གཅིག་པུར་བྱེད་པའི་ཀོང་ཏུང་གི་ཡུལ་སྐོར་བས་བསྡོམས་འབོར་གྱི་30%བཟུང་བ་དང་ཆ་སྙོམས་བྱས་ན་ཁྲང་ཧྲ་རུ་དགོང་མོ་གཉིས་ནས་གསུམ་བར་སྡོད་ཀྱི་ཡོད་པ་དང་། ཁྲང་ཧྲ་དམིགས་སར་བྱས་ཁར་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དུ་ཡུལ་སྐོར་བྱེད་མཁན་གྱིས་70%བཟུང་ནས་ཆ་སྙོམས་བྱས་ན་ཁྲང་ཧྲ་རུ་དགོང་མོ་གཅིག་ནས་གཉིས་བར་སྡོད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།