འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་བསྐྲུན་པའི་ཨ་ཧྥེ་རི་ཁའི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་དངོས་སུ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོས་བསྐྲུན་པའི་ཨ་ཧྥེ་རི་ཁའི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་དངོས་སུ་ཤར་གཏོང་ཐུབ་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པ་དང་ཨེ་ཙེ་ཨོ་ཕི་ཡ་དང་ཅི་པོའུ་ཐི་རྒྱལ་ཁབ་གཉིས་ཀྱི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་(གཤམ་དུ་ཨེ་ཅི་ལྕགས་ལམ་ཞེས་བསྡུས་རྒྱུ)ཉིན་ཤས་གོང་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ་བྱུང་ཞིང་། ལྕགས་ལམ་དེ་ནི་ཐན་ཙན་ལྕགས་ལམ་བསྐྲུན་རྗེས། ཀྲུང་གོས་ཨ་ཧྥེ་རི་ཁར་བསྐྲུན་པའི་རྒྱལ་སྒྲོལ་ལྕགས་ལམ་གཞན་དེ་ཡིན་ཞིང་། དེར“དུས་སྐབས་གསར་པའི་ཐན་ཙན་ལྕགས་ལམ”ཞེས་བརྗོད་ཀྱི་ཡོད།
          ཨེ་ཅི་ལྕགས་ལམ་ནི་ཨ་ཧྥེ་རི་ཁའི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་དེ་ཡིན་པ་དང་། ལྕགས་ལམ་དེ་ཀྲུང་གོའི་ཚད་གཞི་དང་ཀྲུང་གོའི་སྒྲིག་ཆས་འཛུགས་སྐྲུན་ལྟར་བསྐྲུན་པ་ཞིག་ཡིན། མེ་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་དེ་དེ་ཉིན་ཨེ་ཏི་སི་ཨ་པ་པ་ཡི་ལ་པུ་མེ་འཁོར་བབས་ཚུགས་སུ་འཚོགས་ཤིང་། ཀྲུའུ་ཞི་ཞིས་ཅིན་ཕིང་གི་དམིགས་བསལ་ཕོ་ཉ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞུས་ཧྲའོ་ཧྲེ་དང་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཧེར་མ་ལི་ཡ་མུའུ་དང་ཅི་པོའུ་ཐིའི་ཙུང་ཐུང་ཀེ་ལའེ་ཡིས་མཉམ་དུ་མེ་འཁོར་ཤར་གཏོང་ཐུབ་པའི་དར་ཚོན་བྲེག་རྗེས་མེ་འཁོར་ནང་ལྟ་སྐོར་བྱས་པ་རེད།
         ཞུས་ཧྲའོ་ཧྲེ་ཡིས་ཤིས་ཚིག་ནང་ཨེ་ཅི་ལྕགས་ལམ་ནི་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་རྒྱལ་སྒྲོལ་གྱི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་བར་ཐག་རིང་ཤོས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་དེ་ཡིན་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་བསྐྲུན་པའི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་དེ་ཡང་ཡིན། ཨེ་ཅི་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དེ་ནི་ཀྲུང་གོ་དང་། ཨེ་ཙེ་ཨོ་ཕི་ཡ། ཅི་པོའུ་ཐི་བཅས་ཀྱི་མཉམ་ལས་ཀྱི་ལམ་ཚད་རྡོ་རིང་ཞིག་ཡིན་ལ། ཕྱོགས་གསུམ་པོའི་མཉམ་ལས་ཀྱི་འགོ་འཛུགས་ས་གསར་པ་ཡང་ཡིན། འབྱུང་འགྱུར་ལ་ཕྱོགས་ནས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་དང་ཅི་པོའུ་ཐི་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུ་དང་འབྲེལ་གཉིས་ཕན་མཉམ་ལས་དང་མཉམ་ལས་བར་མཐོངས་རྒྱ་ཆེར་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཧེར་མ་ལི་ཡ་མུའུ་ཡིས་ཨེ་ཅི་ལྕགས་ལམ་གྱི་ཐོག་ནས་ཀྲུང་གོའི་ཁེ་ལས་ཀྱི་ལག་རྩལ་གྱི་སྟོབས་ཤུགས་གང་ལེགས་མཚོན་ཡོད་པ་དང་། ལྕགས་ལམ་དེས་ཨེ་ཙེ་ཨོ་ཕི་ཡ་དང་ཅི་པོའུ་ཐི་དབར་གྱི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བཤད་པ་དང་། ཁོང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཨེ་ཅི་ལྕགས་ལམ་བསྐྲུན་རྒྱུར་མཉམ་ལས་དང་རྒྱབ་སྐྱོར་མཁོ་འདོན་བྱས་པར་བསྔགས་བརྗོད་བྱས་པ་རེད།
          ཀེ་ལའེ་ཡིས་ཨེ་ཅི་ལྕགས་ལམ་ནི་ཅི་པོའུ་ཐི་དང་། ཨེ་ཙེ་ཨོ་ཕི་ཡ། ཀྲུང་གོ་བཅས་ཀྱིས་མཉམ་ལས་བྱས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་རེད། ཨེ་ཅི་ལྕགས་ལམ་བསྐྲུན་པ་དེ་ཐོག་ནས་རྒྱལ་ཁབ་ཁག་མཐུན་སྒྲིལ་མཉམ་ལས་བྱས་ཏེ་འགྲན་སློང་ལས་རྣམ་པར་རྒྱལ་ཚེ་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོར་རྨང་གཞིའི་སྒྲིག་བཀོད་བཟང་པོ་བསྐྲུན་ཐུབ་ངེས་ཡིན་པའི་གསལ་བཤད་བྱུང་ཡོད་ཅེས་བཤད།
          ཨེ་ཅི་ལྕགས་ལམ་ལ་སྤྱིའི་རིང་ཚད་སྤྱི་ལེ་752.7ཡོད་པ་དང་མྱུར་ཚད་སྤྱི་ལེ་120ཟིན་པ་དང་། མེ་འཁོར་བབས་ཚུགས་45ཡོད་པར་ཁྱོན་མ་དངུལ་ཨ་སྒོར་དུང་ཕྱུར་40བཏང་བ་དང་། ཀྲུང་གོའི་ཀྲུང་གོ་ལྕགས་ལམ་ཀུང་སི་དང་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཀུང་སིས་བསྐྲུན་པ་ཞིག་ཡིན་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་བསྐྲུན་པའི་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་པོ“ཕྱིར་བསྐྱོད་པའི”ལྕགས་ལམ་དང་པོ་དེ་ཡིན། ཨེ་ཅི་ལྕགས་ལམ་ནི་ཟོག་འདྲེན་གཙོ་བོར་བྱས་པའི་འགྲུལ་པ་དང་དངོས་ཟོག་དབོར་འདྲེན་གྱི་ལྕགས་ལམ་ཞིག་ཡིན་པ་དང་། ལྕགས་ལམ་བསྐྲུན་ཟིན་རྗེས། ཅི་པོའུ་ཐི་ནས་ཨེ་ཏི་སི་ཨ་པ་པ་བར་གྱི་སྐྱེལ་འདྲེན་དུས་ཚོད་གཞུང་ལམ་ཐོག་ནས་སྐྱེལ་འདྲེན་བྱས་ན་ཉིན་7འགོར་བ་དང་ལྕགས་ལམ་ཐོག་ནས་སྐྱེལ་འདྲེན་བྱས་ན་ཆུ་ཚོད་10ལས་འགོར་གྱི་མེད།
    ༄༅།།ཀྲུང་གོས་བསྐྲུན་པའི་ཨ་ཧྥེ་རི་ཁའི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་དངོས་སུ་ཤར་གཏོང་ཐུབ་པ།
    ༄༅།།ཀྲུང་གོས་བསྐྲུན་པའི་ཨ་ཧྥེ་རི་ཁའི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་དངོས་སུ་ཤར་གཏོང་ཐུབ་པ།
      

    ཕྱོགས་བསྡུས་གསར་འགྱུར།