འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བོད་ཀྱི་འབྲུ་རིགས་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཐུས་
    སྒོ་ཚང་དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སླད་ཕྱིན་ལོ་5ཡི་ནང་རང་རྒྱལ་གྱིས་བོད་ཀྱི་འབྲུ་རིགས་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས་འབྲུ་མཛོད་ཀྱི་སྒྲིག་ཆས་བཀོད་སྒྲིག་སྔར་བས་ལེགས་སུ་བཏང་ཐོག་འབྲུ་རིགས་འཁོར་རྒྱུག་གང་ལེགས་ཐུབ་པ་བྱ་རྒྱུ་ཡིན་པ་དེ་ནི་གསར་འགོད་པར་ཉེ་དུས་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་འབྲུ་རིགས་ལས་རིགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་བོད་ཀྱིས་འབྲུ་རིགས་འཁོར་རྒྱུག་ནུས་པ་དེང་རབས་ཅན་མངོན་གྱུར་ཐུབ་པ་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་གྱིས་བོད་ཀྱི་འབྲུ་རིགས་སྙོམས་སྒྲིག་ཚོད་འཛིན་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་འབྲུ་རིགས་འཕྲལ་སྡོམ་མཁོ་སྤྲོད་དང་ལས་སྣོན་དྲ་ཚིགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད། ནས་སོགས་ལེགས་ལྡན་ཁྱད་ལྡན་འབྲུ་རིགས་ཐོན་ཁུངས་ལ་གཞིས་ཚུགས་ནས་འབྲུ་སྣུམ་ལས་སྣོན་ཕྱོགས་སྒྱུར་ཤུགས་ཆེན་བྱས་ཏེ་བོད་ཀྱི་འབྲུ་རིགས་ཐོན་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་རེད།
         ཁ་གཏད་བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་རོགས་སྐྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྟེགས་བུ་ཧུར་ཐག་གཏོད་པ་དང་། ས་གནས་དེ་གའི་ཁེ་ལས་དང་སྤྱི་ཚོགས་ཀྱི་མ་དངུལ་བོད་ཀྱི་འབྲུ་རིགས་འཁོར་རྒྱུག་མ་ལག་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད། འགན་ལེན་བྱ་ཐབས་སྔར་བས་ཤུགས་ཆེར་བཏང་ནས་ཁ་གཏད་བོད་སྐྱོར་ལས་དོན་ནུས་པ་ལྡན་པ་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་ཐུབ་པ་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་ཀྱི་འབྲུ་རིགས་ལས་རིགས་ཀྱིས་བོད་སྐྱོར་རྣམ་གྲངས་19དོན་འཁྱོལ་བྱས་པར་མ་དངུལ་སྒོར་ཁྲི་8489བཏང་ནས་བོད་ཀྱི་འབྲུ་རིགས་འཁོར་རྒྱུག་དང་སྙོམས་སྒྲིག་ཚོད་འཛིན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།